- khri thog rje thog btsan/
- ID:
- T20520
- ཁྲི་ཐོག་རྗེ་ཐོག་བཙན (Tibetan, Tibetan script, Original)
- > khri thog rje thog btsan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tritok jetok tsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
(བོད་ཀྱི་བཙན་པོའི་རྒྱལ་རབསཉེར་བདུན་པ)བཙན་ལྔའི་ནང་གསེས་ཁྲི་སྒྲ་དཔུང་བཙན་དང་བཙུན་མོ་སྨན་བཟའ་ཀླུ་སྟེང་གཉིས་ཀྱི་སྲས་ཡིན། བློན་པོ་མགར་གཉའ་བཙན་ལྡོམ་བུ་དང་གནུས་སྐྱེས་ཐོག་མོང་བཙན་གྱིས་བྱས། རྒྱལ་པོ་འདིའི་རིང་ལ་གླིང་བུ་ཐོག་མར་བྱུང་བར་བཤད་སྲོལ་ཡོད། བོན་གྱིn་ཆོས་དར་སྤེལ་མཛད་དེ་ཞང་ཞུང་གི་བོན་མུ་ཧ་ལ་རྒྱལ་གྱིས་རྒྱལ་རབས་གསུམ་གྱི་རིང་སྐུ་བོན་བྱས། རུ་ཡོང་བཟའ་སྟོང་རྒྱལ་རྨ་འཚོ་བཙུན་མོར་བླངས། རྒྱལ་པོ་འདིའི་གཅུང་པོ་རྣུང་མཐའ་དང༌། སྣུབས་མཐའ་འབྲིང་སྙ། སྙ་འབྲིང་རྣམས་ཐང་མཚམས་སུ་ཕབས(འབངས་བྱིངས་ལས་གནས་བབས་མཐོ་ཞིང་རྒྱལ་པོའི་གདུང་རྒྱུད་ལས་གོ་གནས་དམའ་བ་སྟེ་དཔེར་ན། རི་དང་ཐང་གཉིས་ཀྱི་ས་མཚམས་ས་ཁུལ་དང་འདྲ་བ་དཔེ་ལ་བཞག་པ་ཡིན)
- language:
- Tibetan
3. Thupten Phuntsok Dictionary
(བོད་ཀྱི་བཙན་པོའི་རྒྱལ་རབས་ཉེར་བདུན་པ) བཙན་ལྔའི་ནང་གསེས་ཁྲི་སྒྲ་དཔུང་བཙན་དང་བཙུན་མོ་སྨན་བཟའ་ཀླུ་སྟེང་གཉིས་ཀྱི་སྲས་ཡིན། བློན་པོ་མགར་གཉའ་བཙན་ལྡོམ་བུ་དང་གནུས་སྐྱེས་ཐོག་མོང་བཙན་གྱིས་བྱས། རྒྱལ་པོ་འདིའི་རིང་ལ་གླིང་བུ་ཐོག་མར་བྱུང་བར་བཤད་སྲོལ་ཡོད། བོན་གྱི་ཆོས་དར་སྤེལ་མཛད་དེ་ཞང་ཞུང་གི་བོན་མུ་ཧ་ལ་རྒྱལ་གྱིས་རྒྱལ་རབས་གསུམ་གྱི་རིང་སྐུ་བོན་བྱས། རུ་ཡོང་བཟའ་སྟོན་རྒྱལ་མོ་འཚོ་བཙུན་མོར་བླངས། རྒྱལ་པོ་འདིའི་གཅུང་པོ་རྣུང་མཐའ་དང་། སྣུབས་མཐའ་འབྲིང་སྙ། སྙ་འབྲིང་རྣམས་ཐང་མཚམས་སུ་ཕབས (འབངས་བྱིངས་ལས་གནས་བབས་མཐོ་ཞིང་རྒྱལ་པོའི་གདུང་རྒྱུད་ལས་གོ་གནས་དམའ་བ་སྟེ་དཔེར་ན། རི་དང་ཐང་གཉིས་ཀྱི་ས་མཚམས་ས་ཁུལ་དང་འདྲ་བ་དཔེ་ལ་བཞག་པ་ཡིན)
- language:
- Tibetan