Skip to main content Skip to search
sangs rgyas kyi sku gsung thugs kyi yon tan gsum/
ID:
T205407
  • སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གསུམ (Tibetan, Tibetan script, Original)
    • > sangs rgyas kyi sku gsung thugs kyi yon tan gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sangyé kyiku sungtuk kyiyön tensum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

the three virtues of body speech and mins od buddhahood CHN

language:
English

2. Thupten Phuntsok Dictionary

སྐུའི་ཡོན་ཏན་ནི། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོ་རྣམས་ཡིད་ལ་དྲན་པར་བྱེད་པ་དང་། གསུང་གི་ཡོན་ཏན་ནི། འཇིག་རྟེན་ཁམས་ཀྱི་སེམས་ཅན་གང་ཡོད་ཀྱིས་དུས་གཅིག་ཏུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང་སེམས་ཀྱི་སྐད་ཅིག་གཅིག་ལ་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས་གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང་། དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་དུ་བྱུང་བའི་ཚུལ་དང་། ཐུགས་ཀྱི་ཡོན་ཏན་ནི། ཤེས་བྱའི་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པ་མཁྱེན་པའི་ཡོན་ཏན་དང་། སེམས་ཅན་རྣམས་ཉོན་མོངས་ཀྱིས་རང་དབང་མེད་པར་བཅིངས་པ་བཞིན་དུ། ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་གཟིགས་པ་ན་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་བ་བརྩེ་བའི་ཡོན་ཏན་རྣམས་སོ། །

language:
Tibetan