Skip to main content Skip to search
sad na legs mjing yon/
ID:
T205773
  • སད་ན་ལེགས་མཇིང་ཡོན (Tibetan, Tibetan script, Original)
    • > sad na legs mjing yon/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sena lemjingyön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

king {sad na legs mjing yon

language:
English

2. bod rgya tshig mdzod chen mo

[2917] ཁྲི་སྲོང་ལྡེ་བཙན་གྱི་སྲས་ཆུང་བ་སྟེ། དེབ་དམར་དུ་སྲས་བཞི་པ་ཡིན་པར་བཤད་ཅིང། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་སུ་མུ་ཏིག་བཙན་པོ་ཡིན་པར་བཤད། གཅེན་པོ་མུ་ནེ་བཙན་པོ་འདས་དུས། བློན་པོ་རྣམས་ཀྱིས་དང་པོར་བཙན་པོ་ཐ་ཆུང་འདིས་རྒྱལ་པོ་འོང་མི་འོང་ཉམས་སད་ན་ལེགས་ཅེས་བགྲོས་པ་དང། མགུལ་ཡོན་པོར་བྱས་ཏེ་བཞུགས་པ་ཞིག་ཡོད་པས་སད་ན་ལེགས་མཇིང་ཡོན་ཞེས་མཚན་དུ་གྲགས། སྔ་གོང་ཡབ་མེས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ལ་མཆོད་པ་ཕུལ། ཤུལ་ན་བཞུགས་པའི་ལོ་པཎ་ཀ་མ་ལ་ཤཱི་ལ་སོགས་ལ་ཕུལ་དུ་བྱུང་བའི་ཞབས་ཏོག་བསྙེན་བཀུར་བྱས། སླར་ཡང་རྒྱ་བལ་ནས་སློབ་དཔོན་བི་མ་ལ་མི་ཏྲ་སོགས་སྤྱན་དྲངས་ཏེ། སྔར་མ་འགྱུར་བའི་མདོ་དང་སྒྲ་དུ་མ་བསྒྱུར། སྐྱི་ཤོད་དུ་རྒྱལ་སྡེ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་རྣམས་ལ་ནམ་ཡང་སངས་རྒྱས་ཀྱི་བསྟན་པ་མི་གཞིག་པར་བྲོ་བོར་བའི་བཀའ་གཙིཊ་ཡང་ཡང་བསྩལ། ...

language:
English

3. smon lam tshig mdzod chen mo

ཁྲི་སྲོང་ལྡེ་བཙན་གྱི་སྲས་ཆུང་བ་སྟེ། དེབ་དམར་དུ་སྲས་བཞི་པ་ཡིན་པར་བཤད་ཅིང༌། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་སུ་མུ་ཏིག་བཙན་པོ་ཡིན་པར་བཤད། གཅེན་པོ་མུ་ནེ་བཙན་པོ་འདས་དུས། བློན་པོ་རྣམས་ཀྱིས་དང་པོར་བཙན་པོ་ཐ་ཆུང་འདིས་རྒྱལ་པོ་འོང་མི་འོང་ཉམས་སད་ན་ལེགས་ཅེས་བགྲོས་པ་དང༌། མགུལ་ཡོན་པོར་བྱས་ཏེ་བཞུགས་པ་ཞིག་ཡོད་པས་སད་ན་ལེགས་མཇིང་ཡོན་ཞེས་མཚན་དུ་གྲགས། སྔ་གོང་ཡབ་མེས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ལ་མཆོད་པ་ཕུལ། ཤུལ་ན་བཞུགས་པའི་ལོ་པཎ་ཀ་མ་ལ་ཤཱི་ལ་སོགས་ལ་ཕུལ་དུ་བྱུང་བའི་ཞབས་ཏོག་བསྙེན་བཀུར་བྱས། སླར་ཡང་རྒྱ་བལ་ནས་སློབ་དཔོན་བི་མ་ལ་མི་ཏྲ་སོགས་སྤྱན་དྲངས་ཏེ། སྔར་མ་འགྱུར་བའི་མདོ་དང་སྒྲ་དུ་མ་བསྒྱུར། སྐྱི་ཤོད་དུ་རྒྱལ་སྡེ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་རྣམས་ལ་ནམ་ཡང་སངས་རྒྱས་ཀྱི་བསྟན་པ་མི་གཞིག་པར་བྲོ་བོར་བའི་བཀའ་གཙིགས་ཡང་ཡང་བསྩལ།

language:
Tibetan