- sin+d+hu/
- ID:
- T206146
- སིནྡྷུ (Tibetan, Tibetan script, Original)
- > sin+d+hu/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sindhu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[2922] ༼ལེགས༽ སྔར་བོད་ཀྱི་གནས་ཡིག་རྙིང་པའི་ནང་ནས་གསལ་བ་ལྟར་མཚོ་མ་དྲོས་པའི་ལྷོ་ཕྱོཊ་སུ་གསེར་གྱི་བྲག་ཁྱུང་མཆོག་གི་ཁ་འདྲ་བ་ནས་ཆུ་བོ་སིནྡྷུ་ཞེས་བྱ་བས་གསེར་གྱི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་མཚོ་མ་དྲོས་པ་ལ་ལན་བདུན་གཡས་སྐོར་བྱས་ནས་ལྷོ་ཡི་རྒྱ་མཚོར་འབབ་པ། ... མིང་གི་རྣམ་གྲངས་ལ་སྔོན་གྱི་གངྒཱ། རྩེ་འཇོའི་ཆུ་བོ། ཟླ་བ་སྐྱེས་བཅས་སོ།
- language:
- English
2. dung dkar bod rig pa'i tshig mdzod chen mo
གངས་རི་ཏི་སེའི་བྱང་ངོས་ནས་འབབ་པའི་ཆུ་བོ་སིནྡྷུ་ཞེས་པ་སྟེ་བོད་སྐད་དུ་སེང་གེ་ཁ་འབབ་དང་། རྒྱ་སྐད་དུ་(狮泉河)ཟེར། དེ་མངའ་རིས་ཀྱི་ཡུལ་བརྒྱུད་དང་པོར་བྱང་དང་། དེ་ནས་པ་ལི་ཅ་སིའི་ལྷོ་ངོས་ནས་རི་ཞིག་བར་ནུབ་དྲང་པོ་དང་། དེ་ཀསྨི་རའམ་ཁ་ཧྲི་སྨིར་གྱི་ཤར་ངོས་ནས་ནུབ་བྱང་བར་འཁྱོག་ནས་འབབ་ཅིང་མཐར་པ་ཀི་སི་ཐན་གྱི་འཀྱིལ་དྲང་པོ་བརྒྱུད་རྒྱལ་ས་ཁ་ར་ཆིའམ་གནའ་དུས་སུ་ཋར་འབོད་པའི་ཉེ་འདབས་ནས་ཨ་རབ་ཀྱི་རྒྱ་མཚོར་འབབ་པའི་རྒྱལ་སའི་ཉེ་འདབས་སུ་གོང་གི་གནས་དེ་ཡོད་པར་བཤད། སིནྡྷུ་ཞེས་པ་བོད་སྐད་དུ་མགྱོགས་འགྲོ་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྤྱར་གྱི་གཞུང་འགར་གསལ།
- language:
- Tibetan
3. Thupten Phuntsok Dictionary
〔ལེགས〕སྔར་བོད་ཀྱི་གནས་ཡིག་རྙིང་པའི་ནང་ནས་གསལ་བ་ལྟར་མཚོ་མ་དྲོས་པའི་ལྷོ་ཕྱོགས་སུ་གསེར་གྱི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་ཆུ་བོ་སིནྡྷུ་ཞེས་བྱ་བས་གསེར་གྱི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་མཚོ་མ་དྲོས་པ་ལ་ལན་བདུན་གཡས་སྐོར་བྱས་ནས་ལྷོ་ཡི་རྒྱ་མཚོར་འབབ་པ། མིང་གི་རྣམ་གྲངས་ལ་སྔོན་གྱི་གངྒཱ། རྩེ་འཇོའི་ཆུ་བོ། ཟླ་བ་སྐྱེས་བཅས་སོ།
- language:
- Tibetan
4. smon lam tshig mdzod chen mo
ལེགས སྔར་བོད་ཀྱི་གནས་ཡིག་རྙིང་པའི་ནང་ནས་གསལ་བ་ལྟར་མཚོ་མ་དྲོས་པའི་ལྷོ་ཕྱོགས་སུ་གསེར་གྱི་བྲག་ཁྱུང་མཆོག་གི་ཁ་འདྲ་བ་ནས་ཆུ་བོ་སིནྡྷུ་ཞེས་བྱ་བས་གསེར་གྱི་བྱེ་མ་འདྲེན་ཞིང་ཆུ་ཕྲན་ལྔ་བརྒྱ་དང་བཅས་མཚོ་མ་དྲོས་པ་ལ་ལན་བདུན་གཡས་སྐོར་བྱས་ནས་ལྷོ་ཡི་རྒྱ་མཚོར་འབབ་པ། མིང་གི་རྣམ་གྲངས་ལ་སྔོན་གྱི་གངྒཱ། རྩེ་འཇོའི་ཆུ་བོ། ཟླ་བ་སྐྱེས་བཅས་སོ།
- language:
- Tibetan
sin+d+hu/ has 1 other term directly related to it, which is presented here.