Skip to main content Skip to search
su mi/
ID:
T206288
  • སུ་མི (Tibetan, Tibetan script, Original)
    • > su mi/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sumi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

JD 162. LW 518.

language:
English

2. Jim Valby Dictionary

medicinal root

language:
English

3. Thupten Phuntsok Dictionary

སུ་མི་རིགས་གསུམ་ལས་འདི་སེར་པོ་སྟེ། རྒྱ་གར་དང་། བལ་ཡུལ། རྒྱ་ནག་སོགས་ནས་འབྱུང་ཞིང་། རང་ལྗོངས་ཀྱི་མེ་ཏོག་དང་། ཙ་རི་སོགས་རོང་ཆེན་རྣམས་ཀྱི་ནགས་འདབས་སུ་ཐར་ཐོར་སྐྱེ་བ། ལོ་མང་གནས་པའི་སྔོ་རིགས་ཏེ། རྩ་རྐང་ཕྲ་ལ་རིང་བའི་རྟིང་པར་རྩ་བའི་རྡོག་པོ་ཁ་སྤུ་ཅན་ཡོད་པ་དང་། ལོ་མ་ལྗང་འཇམ་ཉག་ལེན་བྱ་སྡེར་འདྲ་བ་སུམ་འབྲེལ་ཅན་སྔོ་སིབ་ལོ་རྐང་ཤིན་ཏུ་རིང་བ་མང་པོར་སྐྱེ་ཞིང་། དབུས་ཀྱི་ངར་པ་ཕྲ་ལ་མཉེན་པ། མཐོ་ཚད་སྨི0.1~0.2ཙམ་ཟིན་པའི་སྟོད་ཆར་ཟླ་བ་4པར་མེ་ཏོག་འདྲ་བ་ཁ་དོག་དམར་སྨུག་ཅན་སྙེ་མ་ལྟར་མང་དུ་འཆར་ཞིང་། ཟླ་བ་5~6པར་གང་བུ་ཟླུམ་རིང་གི་ནང་དུ་ས་བོན་སེར་སྐྱ་ཞིབ་མོ་ཡོད་པ་ཞིག་གོ། སྨན་དུ་སྦྱར་བྱ་རྩ་རྡོག རོ་ཁ། ཞུ་རྗེས་བསིལ། ནུས་པས་དུག་ཚད་སེལ་ཞིང་ཟུག་གཟེར་འཇོམས།

language:
Tibetan