Skip to main content Skip to search
sug pa/
ID:
T206354
  • སུག་པ (Tibetan, Tibetan script, Original)
    • > sug pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sukpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

O.T. = lag pa. BBNP 483. lag pa. rkang pa. Btsan-lha. a plant used for washing. TR 14 no. 4, p. 16. Das, JTL&CT 100. JD 167. SS 517.6.

language:
English

2. Ives Waldo Dictionary

1) arm or leg; 2) make secret sign w the limb[s]; 3) med herb སུག་པ་

language:
English

3. Jim Valby Dictionary

hand, 4 legs of animals, medicinal root, push, jog, nudge a person, push open a door with a stick

language:
English

4. bod rgya tshig mdzod chen mo

[2925] ... 1༽ རྐང་ལག་... སུག་བཞི། ... སུག་པར་སོན་པ། ... སུག་བཞི་བཅད་པའི་ལུག་ཁོག་ཁ་ཚང། ... སུག་རྟིང་སྐམ་པོའི་ཐུག་པ་བསྐོལ། དགེ་རྒན་ལགས་ལ་ལྗགས་གང་ཞུས། ... ཆུང་ངུ་ར་ལུག་གསོད་སྟངས་མི་ཤེས་པར། ཆེན་པོ་གཡག་གི་སུག་བཞི་འབྲེག་རྒྱུ་ཞོག་... 2༽ གཞན་ལ་ཡན་ལག་གིས་གཏོང་བའི་གསང་བརྡ། ... རྐང་སུག་... ལག་སུག་བརྒྱབ། ... མགོ་སུག་... རྒྱུག་སུག་གཏོང་བ། ... 3༽ སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་ཚ། ཞུ་རྗེས་སྙོམས། ནུས་པས་རྣ་བ་འོན་པ་ལ་ཕན། གོས་སོགས་ཀྱི་དྲི་མ་འདག་པར་བྱེད། ...

language:
English

5. dung dkar bod rig pa'i tshig mdzod chen mo

ལག་པའམ་རྐང་པ།

language:
Tibetan

6. Thupten Phuntsok Dictionary

(1) རྐང་ལག སུག་བཞི། སུག་པར་སོན་པ། སུག་བཞི་བཅད་པའི་ལུག་ཁོག་ཁ་ཚང་། སུག་རྟིང་སྐམ་པོའི་ཐུག་པ་བསྐོལ། དགེ་རྒན་ལགས་ལ་ལྗགས་གང་ཞུས། ཆུང་ངུ་ར་ལུག་གསོད་སྟངས་མི་ཤེས་པར། ཆེན་པོ་གཡག་གི་སུག་བཞི་འབྲེག་རྒྱུ་ཞོག (2) གཞན་ལ་ཡན་ལག་གིས་གཏོང་བའི་གསང་བརྡ། རྐང་སུག ལག་སུག་བརྒྱབ། མགོ་སུག རྒྱུག་སུག་གཏོང་བ། (3) སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་ཚ། ཞུ་རྗེས་སྙོམས། ནུས་པས་རྣ་བ་འོན་པ་ལ་ཕན། གོས་སོགས་ཀྱི་དྲི་མ་འདག་པར་བྱེད། (4) སུག་པ།ལོ་མང་སྐྱེ་བའི་ལྡུམ་རིགས་ཏེ། རྩ་བ་དཀར་པོ་ཕལ་ཆེར་རྐང་གཅིག་སའི་གཏིང་རིང་དུ་ཟུག་ཅིང་། ངར་པ་ཕྲ་ལ་རེངས་པ། ཡལ་ག་དང་བཅས། མཐོ་ཚད་སྨི་0.2~0.5ཙམ་ཟིན་པ། ལོ་མ་ལྗང་དཀར་སྤུ་འཛམ་ཉན་ནར་མོ་རལ་གྲིའི་དབྱིབས་ཅན། མང་ཆེ་བ་རྩ་བ་ནས་སྐྱེ་བ་དང་། བར་པའི་ཚིགས་མཚམས་ནས་ལོ་མ་ཁ་སྤྲོད་སྐྱེ་བ། ཟླ་བ7~8པར་གོས་སྐྱ་འཇམ་སུལ་རིས་དང་། སྤུ་ཆུང་འབྱར་བག་ཅན་གྱི་སྦུབ་ནས། མེ་ཏོག་དཀར་པོ་དྲིལ་ཆུང་ཁ་ཟུམ་འདྲ་བ་འཆར་ཞིང་། ཟླ8~9པར་གོས་ཀྱི་སྦུབ་ནས་གང་བུ་བུམ་པའི་དབྱིབས་ཅན་གྱི་ནང་དུ་འབྲས་བུ་དཀར་ཞིབ་མཁལ་དབྱིབས་ཅན་གྱིས་ཁེངས་པ་འདོགས། སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ། ཟླ་9~10པར་བརྐོས་ནས་ས་དྲེག་གཙང་མར་བཀྲུས་ལ་མ་རུལ་བར་སྐམ་གསེད་ལེགས་ཚགས་བྱ། རོ་ནུས། རོ་ཁ་ཚ། ཞུ་རྗེས་སྙོམས། ནུས་པས་རྣ་བ་འོན་པ་དང་སྣ་འགགས་པར་ཕན། སུག་ཆུ་མས་ནས་བཏང་བས་གཤང་བ་འགགས་པ་འབྱིན།

language:
Tibetan

7. smon lam tshig mdzod chen mo

1 རྐང་ལག སུག་བཞི། སུག་པར་སོན་པ། སུག་བཞི་བཅད་པའི་ལུག་ཁོག་ཁ་ཚང༌། སུག་རྟིང་སྐམ་པོའི་ཐུག་པ་བསྐོལ། དགེ་རྒན་ལགས་ལ་ལྗགས་གང་ཞུས། ཆུང་ངུ་ར་ལུག་གསོད་སྟངས་མི་ཤེས་པར། ཆེན་པོ་གཡག་གི་སུག་བཞི་འབྲེག་རྒྱུ་ཞོག 2 གཞན་ལ་ཡན་ལག་གིས་གཏོང་བའི་གསང་བརྡ། རྐང་སུག ལག་སུག་བརྒྱབ། མགོ་སུག རྒྱུག་སུག་གཏོང་བ། 3 སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་ཚ། ཞུ་རྗེས་སྙོམས། ནུས་པས་རྣ་བ་འོན་པ་ལ་ཕན། གོས་སོགས་ཀྱི་དྲི་མ་འདག་པར་བྱེད།

language:
Tibetan

8. Negi Tibetan-Sanskrit Dictionary

= རྐང་ལག pādaḥ — དེའི་སྟེང་དུ་སུག་པས་བརྫིས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་མཆི་བར་མི་འཚལ་ལགས་སོ༎ necchati bhagavataḥ sakāśamatropariṣṭāt pādanyāsenopasaṃkramitum a.śa.107ka/97; སེང་གེའི་ཁྲི་ཆེན་པོ་སུག་རྟེན་དང་བཅས་པ mahāsiṃhāsane sapādapīṭhe sa.pu.40kha/72; pāṇiḥ — སུག་པ་ག.ཡོན་པ་ན་སྐོན་པ་ཐོགས་ཏེ dakṣiṇena pāṇinā piṭakaṃ parigṛhya sa.pu.41kha/73; hastaḥ — སུག་པ་ནས་དྲང་བ hastoddhāraḥ lo.ko.2419.

language:
Sanskrit