- sum ston ye shes gzungs/
- ID:
- T206519
- སུམ་སྟོན་ཡེ་ཤེས་གཟུངས (Tibetan, Tibetan script, Original)
- > sum ston ye shes gzungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sumtön yeshezung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2928] དུས་རབས་བཅུ་གཉིས་པའི་ནང་རུ་མཚམས་སྙེ་མོའི་མདར་སུམ་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས། ཁྱད་པར་དུ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུའི་དྲུང་དུ་ལོ་བཅུ་གཉིས་བར་དུ་བཅར་ནས་དཔལ་ལྡན་རྒྱུད་བཞིའི་གཞུང་དོན་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་ཞུས། བཀའ་རྩོམ་ཡང་གཡུ་ཐོག་པའི་རྣམ་ཐར་སྐུ་ལྔ་ལྷུན་གྲུབ་མ་དང། གསང་བའི་རྣམ་ཐར། བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན། རྐང་འབམ་གསོ་བའི་སྙན་རྒྱུད་ཟིན་བྲིས་སོགས་བསྟན་བཅོས་སྣ་ཚོགས་མཛད། སྐུ་ཚེ་ཧྲིལ་པོའི་རིང་གཙོ་བོར་དཔལ་ལྡན་རྒྱུད་བཞི་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ། གཞོན་ནུ་ཡེ་ཤེས་སོགས་སློབ་མ་ཤིན་ཏུ་མང་བ་བསྐྲུན། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
དུས་རབས་བཅུ་གཉིས་པའི་ནང་རུ་མཚམས་སྙེ་མོའི་མདར་སུམ་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྤྱངས། ཁྱད་པར་དུ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུའི་དྲུང་དུ་ལོ་བཅུ་གཉིས་བར་དུ་བཅར་ནས་དཔར་ལྡན་རྒྱུད་བཞིའི་གཞུང་དོན་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་ཞུས། བཀའ་རྩོམ་ཡང་གཡུ་ཐོག་པའི་རྣམ་ཐར་སྐུ་ལྔ་ལྷུན་གྲུབ་མ་དང་། གསར་བའི་རྣམ་ཐར། བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན། རྐང་འབམ་གསོབའི་སྙན་རྒྱུད་ཟིན་བྲིས་སོགས་བསྟན་བཅོས་སྣ་ཚོགས་མཛད། སྐུ་ཚེ་ཧྲིལ་པོའི་རིང་གཙོ་བོར་དཔར་ལྡན་རྒྱུད་བཞི་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ། གཞོན་ནུ་ཤེས་སོགས་སློབ་མ་ཤིན་ཏུ་མང་བ་བསྐྲུན།
- language:
- Tibetan
4. Thupten Phuntsok Dictionary
དུས་རབས་བཅུ་གཉིས་པའི་ནང་རུ་མཚམས་སྙེ་མོའི་སུམ་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས། ཁྱད་པར་དུ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུའི་དྲུང་དུ་ལོ་བཅུ་གཉིས་བར་དུ་བཅར་ནས་དཔལ་ལྡན་རྒྱུད་བཞིའི་གཞུང་དོན་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་ཞུས། བཀའ་རྩོམ་ཡང་གཡུ་ཐོག་པའི་རྣམ་ཐར་སྐུ་ལྔ་ལྷུན་གྲུབ་མ་དང་། གསང་བའི་རྣམ་ཐར། བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན། རྐང་འབམ་གསོ་བའི་སྙན་རྒྱུད་ཟིན་བྲིས་སོགས་བསྟན་བཅོས་སྣ་ཚོགས་མཛད། སྐུ་ཚེ་ཧྲིལ་པོའི་རིང་གཙོ་བོར་དཔལ་ལྡན་རྒྱུད་བཞི་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ། གཞོན་ནུ་ཡེ་ཤེས་སོགས་སློབ་མ་ཤིན་ཏུ་མང་བ་བསྐྱངས།
- language:
- Tibetan
5. smon lam tshig mdzod chen mo
དུས་རབས་བཅུ་གཉིས་པའི་ནང་རུ་མཚམས་སྙེ་མོའི་མདར་སུམ་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྦྱངས། ཁྱད་པར་དུ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུའི་དྲུང་དུ་ལོ་བཅུ་གཉིས་བར་དུ་བཅར་ནས་དཔལ་ལྡན་རྒྱུད་བཞིའི་གཞུང་དོན་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་ཞུས། བཀའ་རྩོམ་ཡང་གཡུ་ཐོག་པའི་རྣམ་ཐར་སྐུ་ལྔ་ལྷུན་གྲུབ་མ་དང༌། གསང་བའི་རྣམ་ཐར། བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན། རྐང་འབམ་གསོ་བའི་སྙན་རྒྱུད་ཟིན་བྲིས་སོགས་བསྟན་བཅོས་སྣ་ཚོགས་མཛད། སྐུ་ཚེ་ཧྲིལ་པོའི་རིང་གཙོ་བོར་དཔལ་ལྡན་རྒྱུད་བཞི་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ། གཞོན་ནུ་ཡེ་ཤེས་སོགས་སློབ་མ་ཤིན་ཏུ་མང་བ་བསྐྲུན།
- language:
- Tibetan
6. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་སྣེ་མོ་མདའི་སུམ་པར་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་མཁས་པར་སྦྱངས། དེ་ནས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི(1126—1202) ཞབས་ལ་གཏུགས་ཏེ་མི་ལོ་བཅུ་གཉིས་ཀྱི་རིང་དུ་མཉེས་པ་གསུམ་གྱིས་ཞབས་ཏོག་ཞུས་པས་《རྒྱུད་རྒྱལ་བདུད་རྩི་སྙིང་པོ་གསང་བ་མན་ངག་རྒྱུད》ཅེས་པ་ཁོང་ཉིད་ལ་གནང་བས་ཐུགས་ཀྱི་སྲས་མཆོག་དམ་པར་གྱུར། དེ་རྗེས་གསོ་རིག་གི་འཆད་ཉན་སྤེལ་ནས་སློབ་མ་མང་དུ་བསྐྱངས་པ་ལས་མཆོག་ཏུ་[1762]གྱུར་པ་ནི་གཞོན་ནུ་ཡེ་ཤེས་ཡིན། ཁོང་གི་གསུང་རྩོམ་ནི《གཡུ་ཐོག་པའི་རྣམ་ཐར་བཀའ་རྒྱ་མའམ་སྐུ་ལྔ་ལྷུན་གྲུབ་མ》དང་། 《གསང་བའི་རྣམ་ཐར》། 《བཤད་རྒྱུད་ཀྱི་འགྲེལ་བ་འབུམ་ནག་གསལ་སྒྲོན》། 《རྐང་འབམ་གསོ་བ་སྙན་བརྒྱུད་ཟིན་བྲིས》བཅས་བཞུགས་སོ། །
- language:
- Tibetan