Skip to main content Skip to search
sum pa mkhan chen ye shes dpal 'byor/
ID:
T206528
  • སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར (Tibetan, Tibetan script, Original)
    • > sum pa mkhan chen ye shes dpal 'byor/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > sumpa khenchen yeshé penjor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

{sum pa mkhan chen ye shes dpal 'byor

language:
English

2. bod rgya tshig mdzod chen mo

[2928] རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ལོར་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་ཨ་མདོ་དགོན་ལུང་དུ་ཕེབས་ཏེ་ཆོས་ཀྱི་རྒྱ་མཚོ་ལས་རབ་ཏུ་བྱུང། པཎ་ཆེན་བློ་བཟང་ཡེ་ཤེས་དང། སྐུ་འབུམ་འཇམ་དཔལ་རྒྱ་མཚོ་སོགས་བསྟེན་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད། ཁྱད་པར་དུ་རྒྱལ་དབང་ལྔ་པའི་བླ་སྨན་ར་བ་ཕུག་པོ་ཆེའི་སློབ་མ། སྨན་རམས་པ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་གསོ་རིག་རྒྱུད་བཞིའི་ལུང་གསན་ཞིང། ལག་ལེན་ཞིབ་ཁྲིད་མཛད། གཞན་ཡང་རྩིས་དཀར་ནག་དང། སུམ་རྟགས། སྙན་ངག་སོགས་ཐ་སྙད་རིག་ལམ་གང་ལའང་ཐོགས་པ་མེད་པར་སྦྱངས་པས་སུམ་པ་པཎྜི་ཏ་ཞེས་མཁས་པའི་གྲགས་པས་ཁྱབ། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར་པེ་ཅིན་དུ་ཕེབས་ཏེ་ལོ་གསུམ་ཙམ་མཚོ་བདུན་དགོན་པའི་མཁན་པོ་མཛད། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ལོར་རྒྱ་གར་དང། རྒྱ་ནག་སོག་ཡུལ། བོད་བཅས་ཀྱི་ལོ་རྒྱུས་འཁོད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་དང། མཚོ་སྔོན་གྱི་ལོ་རྒྱུས་དང། འཛམ་གླིང་སྤྱི་བཤད། གསོ་བ་རིག་པའི་རྒྱུད་བཞིའི་དཀའ་གནད་དང་སྨན་ངོས་འཛིན། སྨན་གྱི་མིང་གི་རྣམ་གྲངས་སོགས་མང་དུ་མཛད། རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ལོར་དགུང་ལོ་བརྒྱད་ཅུ་གྱ་ལྔར་གཤེགས། ...

language:
English

3. Thupten Phuntsok Dictionary

རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ལོར་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་ཨ་མདོ་དགོན་ལུང་དུ་ཕེབས་ཏེ་ཆོས་ཀྱི་རྒྱ་མཚོ་ལས་རབ་ཏུ་བྱུང་། པཎ་ཆེན་བློ་བཟང་ཡེ་ཤེས་དང་། སྐུ་འབུམ་འཇམ་དཔལ་རྒྱ་མཚོ་སོགས་བསྟེན་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད། ཁྱད་པར་དུ་རྒྱལ་དབང་ལྔ་པའི་བླ་སྨན་པར་ར་བ་ཕུག་པོ་ཆེའི་སློབ་མ། སྨན་རམས་པ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་གསོ་རིག་རྒྱུད་བཞིའི་ལུང་གསན་ཞིང་། རྩིས་དཀར་ནག་དང་། སུམ་རྟགས། སྙན་ངག་སོགས་ཐ་སྙད་རིག་ལམ་གང་ལའང་ཐོགས་པ་མེད་པར་སྦྱངས་པས་སུམ་པ་པཎྜི་ཏ་ཞེས་མཁས་པའི་གྲགས་པས་ཁྱབ། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར་པེ་ཅིན་དུ་ཕེབས་ཏེ་ལོ་གསུམ་ཙམ་མཚོ་བདུན་དགོན་པའི་མཁན་པོ་མཛད། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ལོར། རྒྱ་གར་དང་། རྒྱ་ནག སོག་ཡུལ། བོད་བཅས་ཀྱི་ལོ་རྒྱུས་འཁོད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་དང་། མཚོ་སྔོན་གྱི་ལོ་རྒྱུས་དང་། འཛམ་གླིང་སྤྱི་བཤད། གསོ་བ་རིག་པའི་རྒྱུད་བཞིའི་དཀའ་གནད་དང་སྨན་ངོས་འཛིན། སྨན་གྱི་མིང་གི་རྣམ་གྲངས་སོགས་མང་དུ་མཛད། རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ལོར་དགུང་ལོ་བརྒྱད་ཅུ་གྱ་ལྔ་གཤེགས།

language:
Tibetan

4. smon lam tshig mdzod chen mo

རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ལོར་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་ཨ་མདོ་དགོན་ལུང་དུ་ཕེབས་ཏེ་ཆོས་ཀྱི་རྒྱ་མཚོ་ལས་རབ་ཏུ་བྱུང༌། པཎ་ཆེན་བློ་བཟང་ཡེ་ཤེས་དང༌། སྐུ་འབུམ་འཇམ་དཔལ་རྒྱ་མཚོ་སོགས་བསྟེན་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད། ཁྱད་པར་དུ་རྒྱལ་དབང་ལྔ་པའི་བླ་སྨན་ར་བ་ཕུག་པོ་ཆེའི་སློབ་མ། སྨན་རམས་པ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་གསོ་རིག་རྒྱུད་བཞིའི་ལུང་གསན་ཞིང༌། ལག་ལེན་ཞིབ་ཁྲིད་མཛད། གཞན་ཡང་རྩིས་དཀར་ནག་དང༌། སུམ་རྟགས། སྙན་ངག་སོགས་ཐ་སྙད་རིག་ལམ་གང་ལའང་ཐོགས་པ་མེད་པར་སྦྱངས་པས་སུམ་པ་པཎྜི་ཏ་ཞེས་མཁས་པའི་གྲགས་པས་ཁྱབ། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར་པེ་ཅིན་དུ་ཕེབས་ཏེ་ལོ་གསུམ་ཙམ་མཚོ་བདུན་དགོན་པའི་མཁན་པོ་མཛད། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ལོར་རྒྱ་གར་དང༌། རྒྱ་ནག་སོག་ཡུལ། བོད་བཅས་ཀྱི་ལོ་རྒྱུས་འཁོད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་དང༌། མཚོ་སྔོན་གྱི་ལོ་རྒྱུས་དང༌། འཛམ་གླིང་སྤྱི་བཤད། གསོ་བ་རིག་པའི་རྒྱུད་བཞིའི་དཀའ་གནད་དང་སྨན་ངོས་འཛིན། སྨན་གྱི་མིང་གི་རྣམ་གྲངས་སོགས་མང་དུ་མཛད། རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ལོར་དགུང་ལོ་བརྒྱད་ཅུ་གྱ་ལྔར་གཤེགས།

language:
Tibetan