- sum pa mkhan po ye shes dpal 'byor/
- ID:
- T206530
- སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར (Tibetan, Tibetan script, Original)
- > sum pa mkhan po ye shes dpal 'byor/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sumpa khenpo yeshé penjor (Tibetan, Latin script, Transcription-THL Simplified Tibetan Transcription)
A Gelukpa scholar and author (1704-1787), who also served as an official in central Tibet in the mid 1720’s. Sumpa Khenpo was born as a Monguor tribesman, and in his youth studied at Gomang college. He wrote on a wide variety of topics, including world geography, and is particularly famous for his critique of the treasure (gter ma) tradition.
- language:
- English
- Author:
- Chris Hatchell
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཚོ་སྔོན་རྨ་ཆུའི་འགྲམ་ཐོ་ལི་ཞེས་པའི་སར་ཨོ་རོད་མཚོ་བཞིའི་ནང་གི་པཱ་ཐུད་ཀྱི་ཐལ་ཇེའི་རྒྱུད་པ་ཡབ་རྡོ་རྗེ་བཀྲ་ཤིས་དང་། ཡུམ་ཇུ་འུན་བྷར་བ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་(༡༧༠༤)ལོར་སྐུ་བལྟམས། དགུང་ལོ་གསུམ་པའི་ཐོག་ཀུན་མཁྱེན་བླ་མས་སུམ་པ་བླ་མའི་སྐུ་སྐྱེར་ངོས་འཛིན་མཛད། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་སློབ་དཔོན་དུ་བསྟེན། ཡི་གེ་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་བདུན་པ་ལྕགས་སྟག་(༡༢༡༠)ལོར་ཐར་ཤུལ་དཔོན་སློབ་ཀྱི་དྲུང་དུ་རབ་ཏུ་བྱུང་། མཚན་བློ་བཟང་ཆོས་སྐྱོང་ཞེས་བསྩལ། དགུང་ལོ་དགུ་པར་སྤྲུལ་སྐུར་ངོས་འཛིན་གྱིས་དགོན་ལུང་ཆོས་གྲྭར་ཞུགས། དགུང་ལོ་བཅུ་གསུམ་ལ་ཕེབས་དུས་རྣལ་འབྱོར་ཆེན་པོ་སློབ་དཔོན་ཆ་བཟང་རིན་པོ་ཆེའི་མདུན་ནས་དགེ་ཚུལ་བསྒྲུབས། དགུང་ལོ་ཉི་ཤུ་པ་ཆུ་ཡོས་(༡༧༢༣)ལོར་དབུས་སུ་གྲྭ་སྐོར་དུ་ཕེབས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་དུ་དགེ་སློང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་དཔར་འབྱོར་ཞེས་བསྕལ། དེ་ནས་ལྷ་སར་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ལ་མོ་ངག་དབང་ནམ་མཁའ་དང་མོག་ཀྱཱ་རབ་འབྱམས་པ་འཇམ་དབྱངས་རྒྱ་མཚོ་སོགས་མཁན་ཆེན་མང་པོ་སློབ་དཔོན་དུ་བསྟེན། རྩོད་པའི་ཁྱུ་མཆོག་ཏུ་གྲགས། མེ་རྟ་ལོར་གླིང་བསྲེ་དཀའ་བཅུ་མཛད། དེ་ནས་སྔ་ཕྱིར་ཁྲི་ངག་དབང་མཆོག་ལྡན། ཀོང་པོ་བཀའ་འགྱུར་བ་ཆོས་རྗེ་རིན་ཆེན། ཞྭ་དམར་ཤེས་རབ་རྒྱ་མཚོ། སྒོ་མང་བླ་མ་སེམས་ཉིད་དམ་པ་སོགས་ལས་མདོ་སྔགས་ཀྱི་ཆོས་གསན་བཞེས་རྒྱ་ཆེན་པོ་མཛད། པྲ་ཏི་དགེ་བཤེས་ངག་དབང་ཆོས་དཔལ་དང་དེའི་སློབ་མ་མཛོ་མོ་མཁར་པ་སྨོན་ལམ་ལྷུན་གྲུབ་ལས་སྒྲ་རིག་དང་། སྐུ་འབུམ་ན་མི་ཐུང་བསོད་ནམས་རྒྱལ་མཚན་ལས་སུམ་རྟགས། སྨན་རམས་ཉི་མ་རྒྱལ་མཚན་ལས་གསོ་རིག། རྒྱུད་སྨད་གྲགས་པ་ལྷུན་གྲུབ་ལས་ལྷ་རིས་ཐིག་ཚད་དང་ཡིག་རིགས་སྣ་ཚོགས། སོག་རམས་པ་ངག་དབད་རྒྱ་མཚོ་ལས་རྩིས་དཀར་ནག་སོགས་སྦྱངས་བརྩོན་གནང་སྟོ་ཐུན་མོང་གི་རིག་གནས་ཀུན་ལ་མགས་པའི་ཡང་རྩེར་སོན། སུམ་པ་པཎྜི་ཏ་ཞེས་མཁས་པའི་གྲགས་པས་ས་སྟེང་ཁྱབ། ལྕགས་ཕག་(༡༧༣༡)ལོར་རང་ཡུལ་མདོ་སྨད་དུ་ཕེབས། མཚན་སྒྲོགས་མཁན་ཆེན་དགེ་འདུན་དོན་གྲུབ་སོགས་མཁས་གྲུབ་དུ་མ་ལས་དབང་ལུང་མན་ངག་མང་དུ་ཞུས། མེ་སྦྲུལ་(༡༧༣༧)ལོར་པེ་ཅིན་དུ་ཕེབས་ཏེ་ལོ་གསུམ་ཙམ་མཚོ་བདུན་དགོན་པའི་མཁན་པོ་མཛད། ས་ལུག་ལོར་དགོན་ལུང་དགའ་ལྟན་ལྷ་རྩེ་བཞེངས། སྲི་གནོནགའབུམ་པ་ཆེན་པོ་དང་། སུམ་པསའི།ཟིན་ཡོད་ལྷ་ཁང་། དམར་གཙང་ལྷ་ཁང་བཅས་ལ་ཞིག་གསོ་མཛད། ས་ལུག་(༡༧༣༩)ལོར་དགོན་ལུང་དུ་ཕེབས། དགོན་ལུང་རི་ཁྲོད་དང་། དགོན་ལུང་དགའ་ལྡན་ལྷ་རྩེ་བཞེངས། སྲི་གནོན་འབུམ་པ་ཆེན་པོ་དང་། སུམཔའི་ཟིན་ཡོན་ལྷ་ཁང་། དམར་གཙང་ལྷགཁང་བཅས་ལ་ཞིག་གསོ་མཛད། དགུང་ལོ་ཞེ་གསུམ་པ་མེ་སྟག་(༡༧༤༦)ལོར་དགོན་ལུང་གི་ཁྲིར་བཞུགས། སྔ་ཕྱིར་ཁྲི་པ་ལན་གསུམ་མཛད། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་(༡༧༥༠)ལོར་རི་བོ་རྩེ་ལྔ་མཇལ་དུ་ཕེབས། བཀྲ་ཤིས་ཆོས་གླིང་། སེར་ལུང་། འདུལ་བ་དགོན། དགའ་ལྡན་རིན་ཆེན་གླིང་། ཕོ་རོད་པྲ་ཏི་དགོན་སོགས་ཀྱི་ཁྲི་པ་ཡང་མཛད། དགུང་ལོ་རེ་བརྒྱད་ལ་སོག་ཡུལ་དུ་ཕེབས་ནས་ལོ་བརྒྱད་ཙམ་བཞུགས། དགུང་ལོ་དོན་དགུ་ལ་ཕེབས་སྐབས་སླར་ཡང་ཁྲི་པར་ཕེབས་ནས་མདོ་ཕྱོགས་པོད་ལྔ་དང་། རིག་གནས། གསོ་དཔྱད། སྐར་རྩིས་ཀྱི་ས་རིས། འབྱུང་རྩིས་སོགས་སྐོར་རང་གིས་གང་ཤེས་སློབ་མ་རྣམས་ལ་བཤད་ཁྲིད་ལེགས་པར་མཛད། སློབ་མ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་དམ་པ་མང་དུ་བྱུང་། བརྩམས་ཆོས་སུ་《རྒྱ་གར་དང་། རྒྱ་ནག་ སོག་ཡུལ། བོད་བཅས་ཀྱི་ཉི་ལོ་རྒྱུས་མཁད་པའི་བསྟན་པ་སྤྱིའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་》སོགས་ལོ་རྒྱུས་ཀྱི་སྐོར་དང་། 《དགེ་ལྡན་རྩིས་གསར་》ཞེས་པ་རྩིས་ཀྱི་སྐོར། ཡི་གེའི་བཤད་པ། དྲིས་ལན། སྙན་ངག་ ཆབ་ཤོག་དང་། ཐ་སྙད་རིག་གནས་ཀྱི་སྐོར། དེ་བཞིན་《ཚད་མ་སྡེ་བདུན་གྱི་སྙིང་ནོར་དང་གྲུབ་མཐའི་རྣམ་གཞག་ཉུང་བསྡུས་》《གསུང་རབ་མཛོད་ཀྱི་སྒོ་བརྒྱ་འབྱེད་པའི་ལྟེ་མིག་》《དབུ་མ་འཇུག་པའི་མཐའ་དཔྱོད་ཉུང་བསྡུས་ཟླ་འོད་》《གསོ་དཔྱད་བདུན་རྩི་ཆུ་རྒྱུན་གྱི་ཆ་ལག་ལས་ལག་ལེན་ཉུང་བསྡུས་བདུན་རྩི་ཟིལ་དཀར་》《མཁན་པོ་ཨ་ཏ་རི་ནི་པཎྜི་ཏར་གྲགས་པའི་སྤྱོད་ཚུལ་བརྗོད་པ་སྒྲགའཛིན་བཅུད་ལེན་》སོགས་བསྟན་བཅོས་དྲུག་ཅུ་རེ་བརྒྱད་བརྩམས་ཡོད་པ་དེ་དག་པོ་ཏི་བརྒྱད་དུ་བསྡུས་ནས་བཞུགས། དགུང་ལོ་གྱ་ལྔ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་(༡༧༨༨)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
- Grammars:
- Language: