Skip to main content Skip to search
sems bskyed nyer gnyis/
ID:
T207201
  • སེམས་བསྐྱེད་ཉེར་གཉིས (Tibetan, Tibetan script, Original)
    • > sems bskyed nyer gnyis/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > semkyé nyernyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

the 22 kinds of bodhicitta [R]

language:
English

2. bod rgya tshig mdzod chen mo

[2938] སེམས་བསྐྱེད་ལ་ས་མཚམས་དང་དཔེ་དོན་གྱི་སྒོ་ནས་དབྱེ་ན་ཉི་ཤུ་རྩ་གཉིས་ཏེ་མོས་པས་སྤྱོད་པའི་སེམས་བསྐྱེད་བཞི་དང། ལྷག་བསམ་དག་པའི་སེམས་བསྐྱེད་བདུན་དང། རྣམ་པར་སྨིན་པའི་སེམས་བསྐྱེད་དགུ་དང། སྒྲིབ་པ་སྤངས་པའི་སེམས་བསྐྱེད་གཉིས་རྣམས་སོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

《མངོན་རྟོགས་རྒྱན་》ལས། དེ་ཡང་ས་གསེར་ཟླ་བ་མེ། གཏོར་དང་རིན་ཆེན་འབྱུང་གནས་མཚོ། རྡོ་རྗེ་རི་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུ་ཉི་མ་གླུ། རྒྱལ་པི་མཛོད་དང་ལམ་པོ་ཆེ། བཞོན་པ་བཀོལ་མའི་ཆུ་དང་ནི། སྒྲ་སྙན་ཆུ་བོ་རྣམས་ཀྱིས། རྣམ་པ་ཉི་ཤུ་རྩ་གཉིས་སོ། ཞེས་གསུངས་པ་ལྟར་བྱང་སེམས་ཚོགས་ལམ་ཆུང་ངུ་བའི་རྒྱུད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་ས་ལྟ་བུའི་སེམས་བསྐྱེད། བྱང་སེམས་ཚོགས་ལམ་འབྲིང་པོ་བའི་རྒྱུད་ཀྱི་བསམ་པ་དང་མཚུངས་ལྡན་གྱི་གསེར་ལྟ་བུའི་སེམས་བསྐྱེད། བྱང་སེམས་ཚོགས་ལམ་ཆེན་པོ་བའི་རྒྱུད་ཀྱི་ལྷག་པའི་བསམ་པ་དང་མཚུངས་ལྡན་གྱི་ཟླ་བ་ཚེས་པ་ལྟ་བུའི་སེམས་བསྐྱེད། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྦྱོར་བ་དང་མཚུངས་ལྡན་གྱི་མེ་ལྟ་བུའི་སེམས་བསྐྱེད། (འདི་བཞི་ལ་མོས་པ་སྤྱོད་པའི་སེམས་བསྐྱེད་ཟེར་)ས་དང་པོ་བའི་རྒྱུད་ཀྱི་སྦྱིན་པ་དང་མཚུངས་ལྡན་གྱི་གཏེར་ལྟ་བུའི་བསྐྱེད། ས་གཉིས་པ་བའི་རྒྱུད་ཀྱི་ཚུལ་ཁྲིམས་དང་མཚུངས་ལྡན་གྱི་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་སེམས་བསྐྱེད། ས་གསུམ་པ་བའི་རྒྱུད་ཀྱི་བཟོ་པ་དང་མཚུངས་ལྡན་གྱི་རྒྱ་མཚོ་ལྟ་བུའི་སེམས་བསྐྱེད། ས་བཞི་པ་བའི་རྒྱུབ་ཀྱི་བརྩོན་འགྲུས་དང་མཚུངས་ལྡན་གྱི་རྡོ་རྗེ་ལྟ་བུའི་སེམས་བསྐྱེབ། ས་ལྔ་པ་བའི་རྒྱུད་ཀྱི་བསམ་གཏན་དང་མཚུངས་ལྡན་གྱི་རིའི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། ས་དུྲག་པའི་རྒྱུད་ཀྱི་ཤེས་རབ་དང་མཚུངས་ལྡན་གྱི་སྨན་ལྟ་བུའི་སེམས་བསྐྱེད། ས་བདུན་པ་བའི་རྒྱུད་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་དགེ་བའི་བཤེས་གཉེས་ལྟ་བུའི་སེམས་བསྐྱེད། (འདི་བདུན་ལ་ལྷག་བསམ་དག་པའི་སེམས་བསྐྱེད་ཟེར་) ས་བརྒྱད་པ་བའི་རྒྱུད་ཀྱི་སྨོན་ལམ་གྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སེམས་བསྐྱེད། ས་དགུ་པ་བའི་རྒྱུད་ཀྱི་སྟོབས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་ཉི་མ་སྟ་བུའི་སེམས་བསྐྱེད། ས་བཅུ་པ་བའི་རྒྱུད་ཀྱི་ཡེ་ཤེས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་དྲི་ཟའི་གླུ་དབྱངས་ལྟ་བུའི་སེམས་བསྐྱེད། ཡང་དག་པ་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་མངོན་ཤེས་ལྔ་དང་མཚུངས་ལྡན་གྱི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། ཡང་དག་པ་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་མཚུངས་ལྡན་གྱི་བང་མཛོད་ལྟ་བུའི་སེམས་བསྐྱེད། ཡང་དག་པ་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་དང་མཚུངས་ལྡན་གྱི་ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད། ཡང་དག་པ་གསུམ་ལ་གནས་པའི་སེམས་པའི་རྒྱུད་ཀྱི་རྗེ་དང་ལྷག་མཐོང་དང་མཚུངས་ལྡན་གྱི་བཞོན་པ་ལྟ་བུའི་སེམས་བསྐྱེད། ཡང་དག་པ་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་གཟུངས་དང་སྤོབས་པ་དང་མཚུངས་ལྡན་གྱི་བཀོལ་མའི་ཆུ་ལྟ་བུའི་སེམས་བསྐྱེད། བྱང་སེམས་ས་བཅུ་པ་བའི་རྒྱུད་ཀྱི་དགའ་སྟོན་དང་མཚུངས་ལྡན་གྱི་སྒྲ་སྙན་ལྟ་བུའི་སེམས་བསྐྱེད། (འདི་བཞི་ལ་མོས་པ་སྤྱོད་པའི་སེམས་བསྐྱེད་ཟེར་) ས་དང་པོ་བའི་རྒྱུད་ཀྱི་སྦྱིན་པ་དང་མཚུངས་ལྡན་གྱི་གཏེར་ལྟ་བུའི་སེམས་བསྐྱེད། ས་གཉིས་པ་བའི་རྒྱུད་ཀྱི་ཚུལ་ཁྲིམས་དང་མཚུངས་ལྡན་གྱི་རིན་པོ་ཆེའི་འབྱུང་གནས་ལྟ་བའི་སེམས་བསྐྱེད། ས་གསུམ་པ་་བའི་རྒྱུད་ཀྱི་བཟོ་པ་དང་མཚུངས་ལྡན་གྱི་རྒྱ་མཚོ་ལྟ་བུའི་སེམས་བསྐྱེད། ས་བཞི་པ་བའི་རྒྱུད་ཀྱི་བརྩོན་འགྲུས་དང་མཚུངས་ལྡན་གྱི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད། ས་ལྔ་པ་བའི་རྒྱུད་ཀྱི་བསམ་གཏན་དང་མཚུངས་ལྡན་གྱི་རིའི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། ས་དྲུག་པའི་རྒྱུད་ཀྱི་ཤེས་རབ་དང་མཚུངས་ལྡན་གྱི་སྨན་ལྟ་བུའི་སེམས་བསྐྱེད། ས་བདུན་པ་བའི་རྒྱུད་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་དགེ་བའི་བཤེས་གཉེན་ལྟ་བུའི་སེམས་བསྐྱེད།(ས་བརྒྱད་པ་བའི་རྒྱུད་ཀྱི་སྨོན་ལམ་ཕར་ཕྱིན་དང་མཚུངས་ལྡན་གྱི་ཡིད་བཞིན་གྱི་ནོར་བུ་ ལྟ་བུའི་སེམས་བསྐྱེད་ནས། སྒྲ་སྙན་ལྟ་བུའི་སེམས་བསྐྱེད་སངས་རྒྱས་ཀྱི་སའི་སྦྱོར་བས་བསྡུས་པ་འདི་མན་གྱི་སེམས་བསྐྱེད་དགུ་ནི་རྣམ་པར་སྨན་པའི་སེམས་བསྐྱེད་ཡིན་ནོ་)གཙོ་བོ་ལོངས་སྐུའི་རྒྱུད་ཀྱི་བགྲོད་པ་གཅིག་པའི་ལམ་དང་མཚུངས་ལྡན་གྱི་ཆུ་བའི་རྒྱུན་ལྟ་བུའི་སེམས་བསྐྱེད། གཙོ་བོ་སྤྲུལ་སྐུའི་རྒྱུད་ཀྱི་ཐབས་མཁས་དང་མཚུངས་ལྡན་གྱི་སྤྲིན་ལྟ་བུའི་སེམས་བསྐྱེད་དང་ཉེར་གཉིས་སོ། མཐའ་མ་གཉིས་ནི་སངས་རྒྱས་ཀྱི་སའི་སེམས་བསྐྱེད་དེ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཟེར།

language:
Tibetan

4. Thupten Phuntsok Dictionary

སེམས་བསྐྱེད་ལ་ས་མཚམས་དང་དཔེ་དོན་སྒོ་ནས་དབྱེ་ན་ཉི་ཤུ་རྩ་གཉིས་ཏེ་མོས་པ་སྤྱོད་པའི་སེམས་བསྐྱེད་བཞི་དང་། ལྷག་བསམ་དག་པའི་སེམས་བསྐྱེད་བདུན་དང་། རྣམ་པར་སྨིན་པའི་སེམས་བསྐྱེད་དགུ་དང་། སྒྲིབ་པ་སྤངས་པའི་སེམས་བསྐྱེད་གཉིས་རྣམས་སོ། །

language:
Tibetan

5. smon lam tshig mdzod chen mo

སེམས་བསྐྱེད་ལ་ས་མཚམས་དང་དཔེ་དོན་གྱི་སྒོ་ནས་དབྱེ་ན་ཉི་ཤུ་རྩ་གཉིས་ཏེ་མོས་པས་སྤྱོད་པའི་སེམས་བསྐྱེད་བཞི་དང༌། ལྷག་བསམ་དག་པའི་སེམས་བསྐྱེད་བདུན་དང༌། རྣམ་པར་སྨིན་པའི་སེམས་བསྐྱེད་དགུ་དང༌། སྒྲིབ་པ་སྤངས་པའི་སེམས་བསྐྱེད་གཉིས་རྣམས་སོ།

language:
Tibetan