- sems tsam rnam rdzun pa/
- ID:
- T208101
- སེམས་ཙམ་རྣམ་རྫུན་པ (Tibetan, Tibetan script, Original)
- > sems tsam rnam rdzun pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > semtsam namdzünpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
False Image Mind Only School. Def. Jamgön Kongtrül དཀར་ནག་ལ་སོགས་པའི་སྣང་བ་ཐམས་ཅད་མིག་བཙིར་བས་ཟླ་བ་གཉིས་སུ་སྣང་བ་དང། མིག་རབ་རིབ་ཅན་ལ་སྐྲ་ཤད་འཛག་པ་ལྟར་མེད་བཞིན་དུ་སྣང་བའི་མེད་པ་གསལ་སྣང་དོན་ལ་མི་བདེན་རྫུན་པ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་ཏེ་གལ་ཏེ་ཤེས་པར་བདེན་པ་ཡིན་ན་གཟུགས་སོགས་ཡུལ་རིག་པར་འགྱུར་བ་ལས་མི་རིག་པའི་ཕྱིར། གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཤེལ་གོང་གཡའ་དག་པ་ལྟ་བུ་དོན་གྱིས་ཁ་མ་བསྒྱུར་ཞིང་སྣང་བའི་དྲི་མས་མ་གོས་པ་དེ་ཉིད་གཅིག་པུ་བདེན་པར་འདོད་དེ། མདོར་ན་ཤེས་པ་ནི་ཤེལ་གོང་དག་པ་ལྟར་སྣང་བའི་དྲི་མས་མ་གོས་ཤིང། སྣང་བ་ནི་སྐྲ་ཤད་འཛག་པ་ལྟར་མེད་བཞིན་དུ་སྣང་བའི་རྫུན་པར་འདོད་པ་མིང་ཡང་རྣམ་མེད་པའམ་རྣམ་རྫུན་པར་གྲགས་སོ་
- language:
- English
4. bod rgya tshig mdzod chen mo
[2946] སེམས་ཙམ་པའི་གྲུབ་མཐའི་ནང་གསེས་ཤིག་སྟེ། དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་མི་འདོད་པ། ...
- language:
- English
5. Thupten Phuntsok Dictionary
སེམས་ཙམ་པའི་གྲུབ་མཐའི་ནང་གསེས་ཤིག་སྟེ། དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་མི་འདོད་པ།
- language:
- Tibetan
6. smon lam tshig mdzod chen mo
སེམས་ཙམ་པའི་གྲུབ་མཐའི་ནང་གསེས་ཤིག་སྟེ། དབང་ཤེས་ལ་རགས་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་མི་འདོད་པ།
- language:
- Tibetan