- sra brkyang gi gzhi/
- ID:
- T209615
- སྲ་བརྐྱང་གི་གཞི (Tibetan, Tibetan script, Original)
- > sra brkyang gi gzhi/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sakyang gizhi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2967] ༼ཀཋནི༽ གོས་ཀྱི་གཞི་གསུམ་གྱི་ཡ་གྱལ། བག་ཡངས་དང་འབྲེལ་བ་སྲ་བརྐྱང་གི་གཞི་སྟེ། ཆོས་གོས་དྲས་དྲུབ་བྱེད་པའི་གཞི་སྤང་ལེབ་ནི་སྲ་བརྐྱང་གི་དངོས་པོ་མཚན་ཉིད་པ་དང། འདིར་དགེ་འདུན་སྤྱི་ལ་དབང་བའི་ཆོས་གོས་རྣམས་གསུམ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སྟེ། སྤང་ལེབ་ཀྱིས་ཆོས་གོས་ལ་ཁྱབ་པ་དང། འཁུམ་པ་བརྐྱང་བ་དང། ཆོས་གོས་ཀྱི་ཚད་གཅིག་ཏུ་འགྱུར་བ་ལྟར། འདིས་ཀྱང་འདིང་བ་པོས་ཐམས་ཅད་ལ་ཁྱབ་ཅིང། གནང་བ་དང་འབྲེལ་བས་ལྟུང་བ་བཅུའི་བག་ཡངས་པ་དང། འདིང་བ་པོ་རྣམས་བློ་གཅིག་ཏུ་མཐུན་པས་སྲ་བརྐྱང་ཞེས་སུ་གྲགས། ...
- language:
- English
3. Thupten Phuntsok Dictionary
〈ཀཋན〉གོས་ཀྱི་གཞི་གསུམ་གྱི་ཡ་གྱལ། བག་ཡངས་དང་འབྲེལ་བ་སྲ་བརྐྱང་གི་གཞི་སྟེ། ཆོས་གོས་དྲས་དྲུབ་བྱེད་པའི་གཞི་སྤང་ལེབ་ནི་སྲ་བརྐྱང་གི་དངོས་པོ་མཚན་ཉིད་པ་དང་། འདིར་དགེ་འདུན་སྤྱི་ལ་དབང་བའི་ཆོས་གོས་རྣམ་གསུམ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སྟེ། སྤང་ལེབ་ཀྱིས་ཆོས་གོས་ལ་ཁྱབ་པ་དང་། འཁུམ་པ་བརྐྱང་བ་དང་། ཆོས་གོས་ཀྱི་ཚད་གཅིག་ཏུ་འགྱུར་བ་ལྟར། འདིས་ཀྱང་འདིང་བ་པོས་ཐམས་ཅད་ལ་ཁྱབ་ཅིང་། གནང་བ་དང་འབྲེལ་བས་ལྟུང་བ་བཅུའི་བག་ཡངས་པ་དང་། འདིང་བ་པོ་རྣམས་བློ་གཅིག་ཏུ་མཐུན་པས་སྲ་བརྐྱང་ཞེས་སུ་གྲགས།
- language:
- Tibetan
4. smon lam tshig mdzod chen mo
ཀཋནི གོས་ཀྱི་གཞི་གསུམ་གྱི་ཡ་གྱལ། བག་ཡངས་དང་འབྲེལ་བ་སྲ་བརྐྱང་གི་གཞི་སྟེ། ཆོས་གོས་དྲས་དྲུབ་བྱེད་པའི་གཞི་སྤང་ལེབ་ནི་སྲ་བརྐྱང་གི་དངོས་པོ་མཚན་ཉིད་པ་དང༌། འདིར་དགེ་འདུན་སྤྱི་ལ་དབང་བའི་ཆོས་གོས་རྣམས་གསུམ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སྟེ། སྤང་ལེབ་ཀྱིས་ཆོས་གོས་ལ་ཁྱབ་པ་དང༌། འཁུམ་པ་བརྐྱང་བ་དང༌། ཆོས་གོས་ཀྱི་ཚད་གཅིག་ཏུ་འགྱུར་བ་ལྟར། འདིས་ཀྱང་འདིང་བ་པོས་ཐམས་ཅད་ལ་ཁྱབ་ཅིང༌། གནང་བ་དང་འབྲེལ་བས་ལྟུང་བ་བཅུའི་བག་ཡངས་པ་དང༌། འདིང་བ་པོ་རྣམས་བློ་གཅིག་ཏུ་མཐུན་པས་སྲ་བརྐྱང་ཞེས་སུ་གྲགས།
- language:
- Tibetan
sra brkyang gi gzhi/ has 1 other term directly related to it, which is presented here.