- srin bu pad ma/
- ID:
- T210375
- སྲིན་བུ་པད་མ (Tibetan, Tibetan script, Original)
- > srin bu pad ma/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sinbu pema (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་ཆུའི་ནང་གནས་པའི་སྲིན་བུ་ནད་ཁྲག་འཇིབ་ནུས་པ་ཞིག་གི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། སྲིན་བུ་པད་མ་ནི་འཕགས་ཡུལ་དུ་ཡོད་པའི་ཆུ་ལ་གནས་པའི་སྲིན་བུ་ཕྲ་མོ་ཞིག་གི་མིང་ཡིན་ཞིང་། དེ་ལ་པད་མ་ཞེས་བརྗོད་པའི་ངེས་ཚིག་ནི། ཁྲག་གཏར་དགོས་པ་ལ་སྲིན་བུ་པད་མ་གཏར་དུ་འོས་པའི་རྩའི་སྟེང་དུ་བཞག་ནས་ཁྲག་འཇིབ་ཏུ་བཅུག་ན་ནད་ཁྲག་རྣམས་འཐུང་ཞིང་ཟུངས་ཁྲག་རྣམས་མི་འཐུང་བ་དཔེར་ན། མེ་ཏོག་པད་མ་རྟག་ཏུ་ཆུ་ལ་གནས་ཀྱང་འདབ་མར་ཆུ་མི་ཆགས་པ་བཞིན་དུ་སྲིན་བུ་པད་མས་ཀྱང་རྩའི་ནང་ནས་ཁྲག་ཇི་ལྟར་འཇིབ་ནའང་ནད་ཁྲག་འཐུང་བ་ལས་ཟུངས་ཁྲག་ལ་མི་གནོད་པས་མིང་ཡང་དེ་ལྟར་གྲགས་སོ། །ཞེས་དང་། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་ལས། ཁྲག་ནི་བཟང་ངན་འདྲེས་པ་ལས། པད་མས་དང་པོ་ནད་ཁྲག་ནི། འཐུང་སྟེ་ངང་པས་འོ་མ་དང་། འདྲེས་ཆུའི་འོ་མ་ལེན་དང་མཚུངས། ཞེས་གསུངས་པ་ལྟར་རོ།།
- language:
- Tibetan
3. Mahāvyutpatti: Sanskrit-Tibetan-English Vocabulary
- Sanskrit:
- jalūkaḥ (jalaukas)