- gson stong /
- ID:
- T213729
- གསོན་སྟོང (Tibetan, Tibetan script, Original)
- > gson stong / (Tibetan, Latin script, Transliteration-THL Extended Wylie Transliteration)
- > söntong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
Tibetan khrims yig rnying pa'i nang gi khrims lugs shig ste, gsod sems byed mis pha rol po gsod grabs byed pa'i sngon du gsad bya'i mi des khrims la gtugs te gsod sems byed mi'i lag nas len pa'i 'jal
- language:
- English
2. bod rgya tshig mdzod chen mo
[3032] སྔར་བོད་ཀྱི་ཁྲིམས་ཡིག་རྙིང་པའི་ནང་གི་ཁྲིམས་ལུགས་ཤིག་སྟེ། གསོད་སེམས་བྱེད་མིས་ཕ་རོལ་པོ་གསོད་གྲབས་བྱེད་པའི་སྔོན་དུ་གསད་བྱའི་མི་དེས་ཁྲིམས་ལ་གཏུགས་ཏེ་གསོད་སེམས་བྱེད་མིའི་ལག་ནས་ལེན་པའི་འཇལ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
གསོན་པོར་རྨས་སྐྱོན་བྱུང་ན་རྨ་གསོས་དང་སྨན་རིན་སྤྲོད་པ་སྟེ། ཡོངས་གྲགས་སུ་རྨས་པ་ཁྲག་གི་ཞལ་ལྕེ་ཡང་ཟེར། དེ་ཡང་རྨས་སྐྱོན་ཆེ་ཆུང་དང་རྨ་ཁ་གཏིང་། ཆེད་གཉེར་གྱིས་མཚོན་བཏབ་པའམ། ལག་ཐལ་ཤོར་བ། ལུས་ཀྱི་གནད་ཆེ་སར་ཁེལ་ཡོད་མེད་སོགས་ལ་གཞིར་བཟུང་ནས་རྨ་གསོས་དང་སྨན་རིན་ཐོབ་ཆེ་ཆུང་གི་གཏན་འཁེལ་བྱས་པ་ལ་ཟེར། བཙན་པོའི་དུས་སྐབས་སུ་རྨས་པ་ཁྲག་གི་ཞལ་ལྕེའི་སྐོར་ཞིབ་པར་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》དེབ་གཉིས་པར་གཟིགས།
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་ཀྱི་ཁྲིམས་ཡིག་རྙིང་པའི་ནང་གི་ཁྲིམས་ལུགས་ཤིག་སྟེ། གསོད་སེམས་བྱེད་མིས་ཕ་རོལ་པོ་གསོད་གྲབས་བྱེད་པའི་སྔོན་དུ་གསད་བྱའི་ལག་ནས་ལེན་པའི་འཇལ།
- language:
- Tibetan
5. smon lam tshig mdzod chen mo
སྔར་བོད་ཀྱི་ཁྲིམས་ཡིག་རྙིང་པའི་ནང་གི་ཁྲིམས་ལུགས་ཤིག་གསོད་སེམས་བྱེད་མིས་ཕ་རོལ་པོ་གསོད་གྲབས་བྱེད་པའི་སྔོན་དུ་གསད་བྱའི་མི་དེས་ཁྲིམས་ལ་གཏུགས་ཏེ་གསོད་སེམས་བྱེད་མིའི་ལག་ནས་ལེན་པའི་འཇལ།
- language:
- Tibetan