- bse smug
- ID:
- T214920
- བསེ་སྨུག (Tibetan, Tibetan script, Original)
- > bse smug (Tibetan, Latin script, Transliteration-THL Extended Wylie Transliteration)
- > semuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
རི་དྭགས་བསེ་དང་རྨྱུག་མའི་ནང་གནས་པའི་སྨུག་སྟག་ཅེས་བྱ་བ་དང་གཉིས་ཀྱི་མིང་ལ་བཞེད་པ་ཞིག་དང་། རི་དྭགས་བསེ་སྨུག་པོ་ཁོ་ནའི་མིང་དུ་བཞེད་པ་ཞིག་དང་གཉིས་མཆིས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། བསེ་རུ་དང་རྨྱུག་མའི་ནགས་ན་གནས་པའི་སྨུག་སྟག་ཅེས་བྱ། ཞེས་གསུངས་པ་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བསེ་སྨུག་ནི། སྔ་འགྲེལ་འགར་རི་དྭགས་བསེ་དང་། རྨྱུག་སྟག་གཉིས་ཀྱི་མིང་དུ་བཞེད་པར་མཆིས་ཀྱང་སྐབས་འདིར་རི་དྭགས་ཀྱི་སྡེ་ཚན་འདྲེན་སྐབས་གཅན་གཟན་འདྲེན་པ་མི་རིགས་ཤིང་ངོ་བོ་ནི་བསེ་དཀར་ནག་ཁྲ་གསུམ་གྱི་ནང་ཚན་ནག་པོའི་ཁོངས་གཏོགས་ལ་བསེ་སྨུག་ཅེས་ཟེར་ཞེས་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་རྒྱུན་དུའང་མཆིས་པས་དེ་ལྟར་དོན་ལ་གནས་སོ། །ཞེས་གསུངས་པས་སླད་དཔྱོད་ལྡན་དག་གིས་དཔྱོད་ཅིག
- language:
- Tibetan