Skip to main content Skip to search
bse ru lta bu'i rang rgyal/
ID:
T214933
  • བསེ་རུ་ལྟ་བུའི་རང་རྒྱལ (Tibetan, Tibetan script, Original)
    • > bse ru lta bu'i rang rgyal/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > seru tabü rangyel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: rhinoceros-like Solitary Realizers

see previous entry

language:
English

2. dung dkar bod rig pa'i tshig mdzod chen mo

རང་རྒྱལ་གྱི་རིགས་ལ་བསེ་རུ་ལྟ་བུ་དང་། ཚོགས་ནས་སྤྱོད་པ་ཞེས་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། དུད་འགྲོ་བསེ་བར་རྭ་གཅིག་ལས་མེད་པ་ལྟར་འདུ་འཛི་གཡེང་བས་འཇིགས་ནས་གཅིག་པུར་གནས་པས་སོ། འདི་ནི་ཤིན་ཏུ་དབང་པོ་རྣོན་པོ་ཞིག་སྟེ། བསྐལ་ཆེན་བརྒྱར་ཚོགས་བསགས་པ་དང་བསླབ་པར་བྱ་བའི་གནས་ལ་མཁས་པར་བྱས་ནས་སྲིད་པ་ཐ་མའི་ཚེ། སངས་རྒྱས་དང་ཉན་ཐོས་ཀྱིས་སྟོང་པའི་འཇིག་རྟེན་དུ་སྐྱེས་ནས། སློབ་དཔོན་དང་རབ་ཏུ་བྱུང་བ། རང་སངས་རྒྱས་གཞན་དག་སོགས་ལ་མི་བསྟེན་ཞིང་མི་འདྲེ་བར་གཅིག་པུར་གནས་ཏེ་རང་གི་བྱང་ཆུབ་མངོན་དུ་བྱེད་པ་ཞིག་ཡིན། རང་རྒྱལ་ཚོགས་སྤྱོད་ནི་ཚོགས་པ་དང་ལྷན་ཅིག་ཏུ་སྒོམ་པ་གཞིར་བྱེད་པས་ན་དེ་ལྟར་བརྗོད།

language:
Tibetan

3. Thupten Phuntsok Dictionary

རང་རྒྱལ་གྱི་རིགས་ལ་བསེ་རུ་ལྟ་བུ་དང་། ཚོགས་ནས་སྤྱོད་པ་ཞེས་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། དུད་འགྲོ་བསེ་རུ་ལ་རྭ་གཅིག་ལས་མེད་པ་ལྟར་འདུ་འཛི་གཡེང་བས་འཇིག་ནས་གཅིག་པུར་གནས་པས་སོ། །འདི་ནི་ཤིན་ཏུ་དབང་པོ་རྣོན་པོ་ཞིག་སྟེ། བསྐལ་ཆེན་བརྒྱར་ཚོགས་པ་བསགས་པ་དང་བསླབ་པར་བྱ་བའི་གནས་ལ་མཁས་པར་བྱས་ནས་སྲིད་པ་ཐ་མའི་ཚེ། སངས་རྒྱས་དང་ཉན་ཐོས་ཀྱིས་སྟོང་པའི་འཇིག་རྟེན་དུ་སྐྱེས་ནས། སློབ་དཔོན་དང་རབ་ཏུ་བྱུང་བ། རང་སངས་རྒྱས་གཞན་དག་སོགས་ལ་མི་བསྟེན་ཞིང་མི་འདྲེ་བར་གཅིག་པུར་གནས་ཏེ་རང་གི་བྱང་ཆུབ་མངོན་དུ་བྱེད་པ་ཞིག་ཡིན། རང་རྒྱལ་ཚོགས་པ་དང་ལྷན་ཅིག་ཏུ་སྒོམ་པ་གཞིར་བྱེད་པས་ན་དེ་ལྟར་བརྗོད།

language:
Tibetan