- bsod nams rnam rgyal/
- ID:
- T215151
- བསོད་ནམས་རྣམ་རྒྱལ (Tibetan, Tibetan script, Original)
- > bsod nams rnam rgyal/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sönam namgyel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད། དེ་ནས་ལེགས་སྦྱར་གྱི་སྐད་[1827]ཡིག་ལ་ཕུལ་དུ་ཕྱིན་པ་སྦྱངས་ཏེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། ཁོང་གི་བསྒྱུར་རྩོམ་ནི་《བསྟན་འགྱུར》ལས《འཇིག་རྟེན་དབང་ཕྱུག་ལ་བསྟོད་པ》དང་། 《ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ》། 《འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ》། 《ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ》། 《ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་རླབས་ཅན》། 《སྙིང་རྗེ་ལ་བསྟོད་པ》། 《དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ》། 《འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་བསྟོད་པ》བཅས་བཞུགས་སོ། །
- language:
- Tibetan