- bsod nams phyogs kyi glang po/
- ID:
- T215160
- བསོད་ནམས་ཕྱོགས་ཀྱི་གླང་པོ (Tibetan, Tibetan script, Original)
- > bsod nams phyogs kyi glang po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > sönam chokkyi langpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
2nd Pan chen, aer te ni, born in the 7th rab byung earth sheep year, died in the 8th wood mouse year, (1439-1504(,
- language:
- English
2. bod rgya tshig mdzod chen mo
[3052] པཎ་ཆེན་ཨེར་ཏེ་ནིའི་སྐུ་ཕྲེང་བརྒྱུད་རིམ་དུ་འདྲེན་པའི་གཉིས་པ། རབ་བྱུང་བདུན་པའི་ས་ལུག་ལོར་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་བྱི་ལོར་འདས། ... ༼1439-1504༽ ...
- language:
- English
3. dung dkar bod rig pa'i tshig mdzod chen mo
ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་གཉིས་པ་འདི་ཉིད་རབ་བྱུང་བདུན་པའི་ས་ལུག་(༡༤༣༩)ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གཙང་ལྗོངས་ལྷོ་ཁུད་དུ་ལྷོ་ཁུད་བླ་མ་རྣམ་རྒྱལ་དབང་ཕྱུག་གི་ཚ་བོར་འཁྲུངས། བ་སོ་ཆོས་ཀྱི་རྒྱལ་མཚན་གྱིས་བསོད་ནམས་གླང་ཞེས་པ་བྱ་བའི་མཚན་གསོལ། སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་སོགས་ཡོངས་འཛིན་དུ་མ་བསྟེན་ནས་མདོ་སྔགས་ཀྱི་རིག་པའི་གནས་ཀུན་ལ་མཁས་པར་གྱུར། དབེན་སའི་དགོན་པ་ཞོལ་གྱི་གདན་ས་མཛད་པ་དང་ཁྲི་པའི་ཐུགས་འགན་བཞེས། གསུང་ཕུར་གྲྭ་སྐོར་ཡང་མཛད། ཐུབ་པའི་གི་སྐུ་ཞིག་གིས་ལུང་བསྟན་པར་གྲགས་པ་བཞིན་དབེན་རྩ་ཕུར་ཆོས་འཁོར་དབུས་སྡིངས་ཞེས་པའི་མོ་དགོན་ཞིག་ཕྱག་བཏབ། དགེ་ལུགས་པའི་བསྟན་པ་རྒྱས་པར་གསུངས་པའི་དབེན་ས་སྙན་བརྒྱུད་ཀྱི་རྩོམ་སྲོལ་བཏོད། འདབ་ཆགས་ལ་གླེང་མོལ་མཛད་ཚུལ་གྱི་མགུར་སོགས་བསྟན་བཅོས་མང་དུ་བརྩམས། དགུང་ལོ་དྲུག་ཅུ་རེ་དྲུག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་བྱི་(༡༥༠༤)ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
4. Thupten Phuntsok Dictionary
ཐུབ་པའི་ལི་སྐུ་ཞིག་གིས་ལུང་བསྟན་པར་གྲགས་པ་བཞིན་དབེན་རྩ་ཕུར་ཆོས་འཁོར་དབུས་སྡིངས་ཞེས་པའི་མོ་དགོན་ཞིག་ཕྱག་བཏབ། དགེ་ལུགས་པའི་བསྟན་པ་རྒྱས་པར་གསུངས་པའི་དབེན་ས་སྙན་བརྒྱུད་ཀྱི་རྩོམ་སྲོལ་བཏོད།འདབ་ཆགས་ལ་གླེང་མོལ་མཛད་ཚུལ་གྱི་མགུར་སོགས་བསྟན་བཅོས་མང་དུ་བརྩམས། དགུང་ལོ་དྲུག་ཅུ་རེ་དྲུག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཤིང་བྱི (༡༥༠༤ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།
- language:
- Tibetan
5. smon lam tshig mdzod chen mo
པཎ་ཆེན་ཨེར་ཏེ་ནིའི་སྐུ་ཕྲེང་བརྒྱུད་རིམ་དུ་འདྲེན་པའི་གཉིས་པ། རབ་བྱུང་བདུན་པའི་ས་ལུག་ལོར་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་བྱི་ལོར་འདས།
- language:
- Tibetan