- bslab gsum/
- ID:
- T215609
- བསླབ་གསུམ (Tibetan, Tibetan script, Original)
- > bslab gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lapsum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
the three trainings [in refutation, proof, and compatibility dgag pa'i bslab bya dang, bsgrub pa'i bslab bya, cha mthun gyi bslab bya]
- language:
- English
-
the three trainings
- language:
- English
2. Jim Valby Dictionary
3 trainings (tshul khrims, ting 'dzin, shes rab), self-discipline, rapturous awareness, sharpening one's critical acumen through learning
- language:
- English
4. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། བསླབ་གསུམ།(ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་བཅས་གསུམ།)ཙམ་ནི་མུ་སྟེགས་པ་ལ་ཡང་ཡོད་ཅིང་། བསླབ་པའི་ལྷག་པ་གསུམ་ནི་ནང་པ་སངས་རྒྱས་ལ་ཡོད་པ་མ་གཏོགས། ཆོས་ལུགས་གཞན་དག་ལ་མེད་པ་དང་ནང་པ་སངས་རྒྱས་པའི་བསླབ་པ་གསུམ་ནི་མུ་སྟེགས་པའི་གསུམ་ལས་ལྷག་པ་ཡོད། དེའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་གཞན་གནོད་གཞི་དང་བཅས་པ་སྤོང་ཡིན་ཅིང་མུ་སྟེགས་པའི་ཚུལ་ཁྲིམས་ནི་དེ་འདྲ་མིན་པ་དང་། ནང་པ་སངས་རྒྱས་པའི་ཏིང་ངེ་འཛིན་གྱི་བསླབ་པ་ནི་ཁམས་གསུམ་གྱི་ཉོན་མོངས་རྩ་བ་ནས་སྤོང་བའི་ནུས་པ་དང་ལྡན་པ་ཡིན་ཅིང་། མུ་སྟེགས་པའི་ཏིང་ངེ་འཛིན་ནི་དེ་འདྲའི་ནུས་པ་མེད་པ་དང་། མུ་སྟེགས་པ་ཐམས་ཅད་གང་ཟག་གི་བདག་ཡོད་པར་ཁས་ལེན་པས་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བའི་སྐལ་བ་དང་མི་ལྡན་པས་ན་ལྷག་པའི་བསླབ་པ་གསུམ་ཞེས་བརྗོད་པ་ཡིན། ཞིབ་པར་མངོན་པ་གོང་འོག་གཉིས་སུ་གསལ། བསླབ་གསུམ་ལ་བསྒྲིབ་བྱེད་སྒྲིབ་པ་ལྔ།
- language:
- Tibetan
5. Thupten Phuntsok Dictionary
བསླབ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་བཅས་གསུམ་མོ།།
- language:
- Tibetan