Skip to main content Skip to search
hor gyi me btsa'/
ID:
T216609
  • ཧོར་གྱི་མེ་བཙའ (Tibetan, Tibetan script, Original)
    • > hor gyi me btsa'/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > horgyi metsa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[3070] གོ་སྙོད་སྣུམ་ལྡན་ཕྱིང་པའི་ནང་དྲིལ་ནས་མར་ཁུའི་ནང་བཙོས་ཏེ་གཟེར་སར་བདུག་དགོས་པ་ཞིག་...

language:
English

2. Thupten Phuntsok Dictionary

གནའ་བོའི་ཞང་ཞུང་སྐབས་སུ་རྒྱལ་ཕྲན་སིམས་མ་བཅུ་གཉིས་སྐབས་སུ་དར་བའི་བཅོས་ཐབས་ཞིག་ཏེ། བོན་གྱི་གསོ་རིགས་འབུམ་བཞིའི་ནང་དུ་གསལ་བ་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་ལས། ཧོར་གྱི་མེ་བཙའ་ཞེས་པ་མན་ངག་རྒྱུད་དུ་དུགས་ཀྱི་ཁོངས་སུ་བསྡུས་པས་ན། གོ་སྙོད་སྣུམ་དུ་བཙོས་པའམ་ཀར་གོང་སྲིན་ཅན་དུགས་ལ་སྔ་རབས་རྣམས་ཀྱིས་བཞེད་པ་ལྟར་ལེགས་པ་ཡིན་ནོ། །ཞེས་གསུངས་པ་དང། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཧོར་གྱི་མེ་བཙའ་ཞེས་གོ་སྙོད་སྣུམ་ལྡན་དང་། ཀར་གོང་སྲིན་ཅན་ནས་ཙམ་བརྡུང་བ་གཉིས་ཕྱིང་པས་དྲིལ་ཏེ་མར་ཁུར་བཙོས་ནས་དྲོད་དང་ལྡན་པ་དེ་གང་ནའི་གནས་སམ་རླུང་གསང་རྣམས་སུ་བདུག་དགོས་པའི་དོན་ནོ། འདིར་མེ་བཙའ་ཞེས་པའི་ཚིག་ལ་བསམ་ནས་མེ་དངོས་བཞག་པ་གཞུང་དང་མི་མཐུན་ཞིང་། འདི་ཧོར་ལུགས་ཀྱི་མེ་བཙའི་ཁོངས་སུ་གཏོགས་པ་ལས་སྐབས་འདིར་རླུང་གི་མཚན་ཉིད་ཞི་བྱེད་དུགས་ཀྱི་ཁོངས་སུ་གཏོགས་དགོས་སོ། ཞེས་གསུངས་པ་ལྟར་རོ། །

language:
Tibetan

3. smon lam tshig mdzod chen mo

གོ་སྙོད་སྣུམ་ལྡན་ཕྱིང་པའི་ནང་དྲིལ་ནས་མར་ཁུའི་ནང་བཙོས་ཏེ་གཟེར་སར་བདུག་དགོས་པ་ཞིག

language:
Tibetan