Skip to main content Skip to search
lha 'gro ba'i mgon po/
ID:
T217018
  • ལྷ་འགྲོ་བའི་མགོན་པོ (Tibetan, Tibetan script, Original)
    • > lha 'gro ba'i mgon po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhandro bemgönpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

Lha the lord of beings

language:
English

2. bod rgya tshig mdzod chen mo

[3079] རབ་བྱུང་གསུམ་པའི་མེ་རྟ་ལོར་ཆོས་རྒྱལ་གདུང་རྒྱུད་ཡར་ཀླུངས་ཇོ་བོའི་སྲས་སུ་འཁྲུངས་པས་ལྷ་ཞེས་པའི་མིང་ཐོབ། བཀའ་གདམས་གཞུང་པའི་དགོན་པ་འཆད་ཁ་དང་སྤྱིལ་པུ་གཉིས་ཀྱི་གདན་ས་ལོ་ངོ་ཉི་ཤུ་རྩ་བདུན་བསྐྱངས། ཀོང་པོ་དང་དྭགས་པོ་སོགས་ཀྱི་དགོན་པ་བཅུ་ཕྲག་དུ་མའི་དགོན་གཉེར་དང་མི་དཔོན་བསྐོས་པར་གསོལ་བས་བཀའ་གདམས་པའི་གཙུག་ལག་ཁང་ཕལ་ཆེར་རྩ་ལག་གཅིག་ཏུ་དྲིལ། འགྲོ་མགོན་འཕགས་པས་དེ་ཉིད་ལ་བཀུར་སྟི་ཆེན་པོ་མཛད། རབ་བྱུང་བཞི་པའི་ས་ལུག་ལོར་འདས། ...

language:
English

3. dung dkar bod rig pa'i tshig mdzod chen mo

འདི་ཉིད་ཡབ་ཇོ་འབག་དང་ཡུམ་ལྷ་འབྲི་སྒང་པའི་ལྕམ་མོ་ལྷགཅིག་འཛམ་གླིང་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་རྟ(༡༡༨༦)ལོར་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་དཀོར་འདུལ་བ་འཛིན་པ་ཆེན་པོ་ལ་བསྙེན་གནས་ཀྱི་སྡོམ་པ་མནོས། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་འཆད་ཁར་ཁུ་བོའི་དྲུང་དུ་བྱོན་ནས་དགེ་བསྙེན་གྱི་སྡོམ་པ་མནོས། དེའི་མོད་ལ་སྐྱོར་མོ་ལུང་དུ་སྦལ་ཏིལ་མཁན་པོ་དང་། གྲོ་ས་པའི་དགེ་བཤེས་གནས་བརྟན་ལ་སློབ་དཔོན་ཞུས་ཏེ་རབ་ཏུ་བྱུང་ནས་མཚན་བྱང་ཆུབ་འོད་དུ་གསོལ། ཕྱིས་པོ་ཏོར་དགེ་བཤེས་གནས་བརྟན་ལ་མཁན་པོ་དང་། སྦུ་གུ་དོ་ནས་དགེ་བཤེས་རྒྱལ་ཚ་གདན་དྲངས་ནས་ལས་ཀྱི་སློབ་དཔོན། ཇོ་བཙུན་པས་གསང་སྟེ་མཛད་དེ་བསྙེན་པར་རྫོགས། ཁུ་བོ་ལས་ཆོས་མང་དུ་གསན། ཁུ་བོ་གཤེགས་རྗེས་གདན་ས་མཛད། པོ་ཏོ་གནས་བརྟན་དང་བཀའ་གདམས་གཞུང་པའི་བཤེས་གཉེན་རྣམས་གྲོས་མཛད་དེ་པོ་ཏོ་སྡེ་མ་ལག་དང་བཅས་པ་ཕུལ། ཀོང་པོ་ནས་རྟ་བར། བུ་ཆུ། བྱང་ལུང་གསུམ་གྱིས་ཐོག་དྲངས་པའི་སྡེ་པ་སུམ་བརྒྱ་ཙམ་གྱི་གཙུག་ལག་ཁང་གི་ལྡེ་མིག་གཏད་ནས་ཕུལ། དྭགས་པོ་ནས་བླ་མདའ་དང་། ཀན་མོ་ན་ཤོད་ཀྱིས་ཐོགས་དྲངས་པའི་སྡེ་པ་མི་སྡེ་དང་བཅས་པ་ཕུལ། མཉལ་ནས་ཟངས་པོ་ཆེ་བ་ཆེན་པོས་སྤྱན་དྲངས་ཏེ་སྐུ་འབུམ་ཆེན་པོའི་རབ་གནས་མཛད། ཟངས་པོ་ཆེ་སྡེ་མ་ལག་དང་བཅས་པ་ཕུལ། རོང་རྩེ་དགར་དུ་གདུང་ཁངཆེན་མོའི་རབ་གནས་ལ་སྤྱན་དྲངས་ནས་སྡེ་མ་ལག་དང་བཅས་པ་ཕུལ། དུས་ཕྱིས་ཀྱང་ཟངས་པོ་ཆེ་དང་བྲ་གོར་ན་སྤྱིལ་བུ་བའི་ཆོས་བརྒྱུད་འཛིན་པ་མང་དུ་བྱུང་། དེ་ལྟར་མཁས་བཙུན་མི་ཆེན་མང་པོའི་དོན་མཛད་ནས་མཐར་དགུང་ལོ་དོན་བཞི་པ་རབ་བྱུང་བཞི་པའི་ས་ལུག་(༡༢༥༩)ལོར་སྐུ་གཤེགས། གདུང་བཞུ་བས་ལྷ་སྐུ་ལ་སོགས་པ་རྟེན་མང་དུ་བྱོན་པ་ལས། སྤྱིལ་བུའི་ནང་རྟེན་གསེར་སྐུའི་ནང་དུ་སྤྱན་བཞུགས། ཐུགས་འཆད་ཁ་བས་གདན་དྲངས་ནས་ངོ་སྒྲའི་གདུང་ཁང་ན་བཞུགས། ལྗགས་སྦུ་གུ་དོར་གདན་དྲངས་ནས་བྱང་ཆུབ་ཆེན་པོའི་ནང་ན་བཞུགས། དུང་གཡས་འཁྱིལ་བཞི་བྱོན་པ་ལ། གཅིག་རུག་པའི་གསེར་སྐུར་བཞུགས། གཅིག་སྤངས་པའི་རྟེན་སྐལ་ལ་གདུང་ཁང་དུ་བཞུགས་ནས་དོ་སྒྲ་ན་ཡོད། གཅིག་སྤྱིལ་བུའི་རྟེན་ལྟང་སྟོན་པ་ལ་བཞགས་གོ།

language:
Tibetan

4. Thupten Phuntsok Dictionary

རབ་བྱུང་གསུམ་པའི་མེ་རྟ་ལོར་ཆོས་རྒྱལ་གདུང་རྒྱུད་ཡར་ཀླུངས་ཇོ་བོའི་སྲས་སུ་འཁྲུངས་པས་ལྷ་ཞེས་པའི་མིང་ཐོབ། བཀའ་གདམས་གཞུང་པའི་དགོན་པ་འཆད་ཁ་དང་སྤྱིལ་པུ་གཉིས་ཀྱི་གདན་ས་ལོ་ངོ་ཉི་ཤུ་རྩ་བདུན་བསྐྱངས། ཀོང་པོ་དང་དྭགས་པོ་སོགས་ཀྱི་དགོན་པ་བཅུ་ཕྲག་དུ་མའི་དགོན་གཉེར་དང་མི་དཔོན་བསྐོས་པར་གསོལ་བས་བཀའ་གདམས་པའི་གཙུག་ལག་ཁང་ཕལ་ཆེར་རྩ་ལག་གཅིག་ཏུ་དྲིལ། འགྲོ་མགོན་འཕགས་པས་དེ་ཉིད་ལ་བཀུར་སྡི་ཆེན་པོ་མཛད། རབ་བྱུང་བཞི་པའི་ས་ལུག་ལོར་འདས།

language:
Tibetan

5. smon lam tshig mdzod chen mo

རབ་བྱུང་གསུམ་པའི་མེ་རྟ་ལོར་ཆོས་རྒྱལ་གདུང་རྒྱུད་ཡར་ཀླུངས་ཇོ་བོའི་སྲས་སུ་འཁྲུངས་པས་ལྷ་ཞེས་པའི་མིང་ཐོབ། བཀའ་གདམས་གཞུང་པའི་དགོན་པ་འཆད་ཁ་དང་སྤྱིལ་པུ་གཉིས་ཀྱི་གདན་ས་ལོ་ངོ་ཉི་ཤུ་རྩ་བདུན་བསྐྱངས། ཀོང་པོ་དང་དྭགས་པོ་སོགས་ཀྱི་དགོན་པ་བཅུ་ཕྲག་དུ་མའི་དགོན་གཉེར་དང་མི་དཔོན་བསྐོས་པར་གསོལ་བས་བཀའ་གདམས་པའི་གཙུག་ལག་ཁང་ཕལ་ཆེར་རྩ་ལག་གཅིག་ཏུ་དྲིལ། འགྲོ་མགོན་འཕགས་པས་དེ་ཉིད་ལ་བཀུར་སྟི་ཆེན་པོ་མཛད། རབ་བྱུང་བཞི་པའི་ས་ལུག་ལོར་འདས།

language:
Tibetan