Skip to main content Skip to search
lha tho tho ri gnyan btsan/
ID:
T217130
  • ལྷ་ཐོ་ཐོ་རི་གཉན་བཙན (Tibetan, Tibetan script, Original)
    • > lha tho tho ri gnyan btsan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhato to ri nyentsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

1 of early kings of tibet

language:
English

2. bod rgya tshig mdzod chen mo

[3082] འདིའི་མཚན་ཐོ་ཐོ་རི་སྙན་བཙན་དང། ཐོ་ཐོ་རི་སྙན་ཤལ་ཡང་ཟེར། ཁྲི་རྗེ་ཐོག་བཙན་དང་རུ་བཟའ་སྟོང་རྒྱལ་ན་མོ་ཚོ་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་ཉེར་བརྒྱད་པ་ཡིན་ལ། བཙན་ལྔར་གྲགས་པའི་ལྔ་པའང་ཡིན། རྒྱལ་པོ་འདི་དགུང་ལོ་དྲུག་ཅུའི་དུས་མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་དང་གསེར་གྱི་མཆོད་རྟེན་ཁྲུ་གང་བ་སོགས་འབྱོར། ངོ་མཚར་ཆེ་བར་ནི་དགོངས། གང་ཡིན་ནི་མ་མཁྱེན་ཏེ། མིང་གཉན་པོ་གསང་བར་བཏགས་ནས་ཕོ་བྲང་གི་དཀོར་ཁང་དུ་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པའི་རྟེན་འབྲེལ་དུ་བཤད་དོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

བོད་ཀྱི་བཙན་པོའི་གདུང་རབས་ཉི་ཤུ་རྩ་བརྒྱད་པ་སྟེ། འདིའི་འཁྲུངས་ལོ་ལ་འགའ་ཞིག་གི་ཤིང་བྱི་ཡིན་པ་དང་འགའ་ཞིག་གི་ཤིང་ཁྱི་ཡིན་པ་སོགས་བཤད་ཚུལ་མི་འདྲ་བ་ཡོད། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》གི་ནང་སློབ་དཔོན་དབྱིག་གཉེན་གྱི་ལོ་རྒྱུས་འཆད་སྐབས་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་སློབ་དཔོན་འདི་གཉིས་དུས་ཐོག་གཅིག་ཡིན་པར་གསུངས། 《དེབ་ཐེར་དཀར་པོ》ལས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་ཐོག་གཅིག་ཡིན་པར་གསུངས་པ་བཅས་བརྟག་སྐབས་དུས་ཐོག་མི་མཚུངས་པའི་དོགས་གཞི་ཆེན་པོ་འདུག་པས་དཔྱད་པར་ཞུ།

language:
Tibetan

4. Thupten Phuntsok Dictionary

འདིའི་མཚན་ཐོ་ཐོ་རི་སྙན་བཙན་དང་། ཐོ་ཐོ་རི་སྙན་ཤལ་ཡང་ཟེར། ཁྲི་རྗེ་ཐོག་བཙན་དང་རུ་བཟའ་སྟོང་རྒྱལ་ན་མོ་ཚོ་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་ཉེར་བརྒྱད་པ་ཡིན་ལ། བཙན་ལྔར་གྲགས་པའི་ལྔ་པའང་ཡིན། རྒྱལ་པོ་འདི་དགུང་ལོ་དྲུག་ཅུའི་དུས་མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་དང་གསེར་གྱི་མཆོད་རྟེན་ཁྲུ་གང་བ་སོགས་འབྱོར། ངོ་མཚར་ཆེ་བར་ནི་དགོངས། གང་ཡིན་ནི་མ་མཁྱེན་ཏེ། མིང་གཉན་པོ་གསང་བར་བཏགས་ནས་ཕོ་བྲང་གི་དཀོར་ཁང་དུ་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པའི་རྟེན་འབྲེལ་དུ་བཤད་དོ། །

language:
Tibetan

5. smon lam tshig mdzod chen mo

འདིའི་མཚན་ཐོ་ཐོ་རི་སྙན་བཙན་དང༌། ཐོ་ཐོ་རི་སྙན་ཤལ་ཡང་ཟེར། ཁྲི་རྗེ་ཐོག་བཙན་དང་རུ་བཟའ་སྟོང་རྒྱལ་ན་མོ་ཚོ་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་ཉེར་བརྒྱད་པ་ཡིན་ལ། བཙན་ལྔར་གྲགས་པའི་ལྔ་པའང་ཡིན། རྒྱལ་པོ་འདི་དགུང་ལོ་དྲུག་ཅུའི་དུས་མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་དང་གསེར་གྱི་མཆོད་རྟེན་ཁྲུ་གང་བ་སོགས་འབྱོར། ངོ་མཚར་ཆེ་བར་ནི་དགོངས། གང་ཡིན་ནི་མ་མཁྱེན་ཏེ། མིང་གཉན་པོ་གསང་བར་བཏགས་ནས་ཕོ་བྲང་གི་དཀོར་ཁང་དུ་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པའི་རྟེན་འབྲེལ་དུ་བཤད་དོ།

language:
Tibetan

6. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 245 ལོར་ཡབ་རྒྱལ་པོ་ཁྲི་ཐོག་རྗེ་བཙན་དང་། ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རང་བྱུང་མ་ཚུགས་གོང་གི་ཤིང་ཕོ་བྱི་ལོ་སྟེ་སྤྱི་ལོ 364 ལོར་སྐུ་གཤེགས། ལོ་ཚིགས་འདི་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ལྟ་བ་ཡིན། ཁོང་གི་སྐུ་བོན་ནི་གཙོ་ཡི་བོན་པོ་གཡང་སྐྱེས་དང་། མཚོའི་བོན་པོ་འདུལ་སྲོང་། འབྲིའི་བོན་པོ་ཤོད་དྲི་གསུམ་གྱིས་མཛད། བཙུན་མོ་གནོ་བཟའ་མང་མོ་རྗེ་ཇི་དགོས་ཞེས་པ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་གཉན་གཟུངས་བཙན་སྐུ་འཁྲུངས། རྒྱལ་པོ་འདིའི་རིང་ལ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དབུ་བརྙེས་པའི་བཤད་སྲོལ་ཡོད་ཅིང་། དེ་ཡང《ཡར་ལུང་ཆོས་འབྱུང》ལས་ “སྐུ་མཁར་ཡུམ་བུ་བརླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་རྒྱ་པ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་གེ་འབྲུ་དྲུག་པ། ཚིདྡྷ་མ་ཎིའི་རྐོས་ཕོར། མུ་ཏྲུའི་ཕྱག་རྒྱ་རྣམས་ནམ་མཁའ་ལས་བྱོན།” ཞེས་དང་། 《ནེལ་པའི་ཆོས་འབྱུང་》ལས་ “བོན་པོ་གནམ་ལ་དགའ་བས་དེ་ནས་བབས་ཟེར་བ་ཡིན་གྱི། དོན་ལ་པཎྜི་ཏ་བློ་སེམས་མཚོ་དང་། ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་རྣམས་ཁྱེར་འོངས་པ། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས་ཆོས་[1851]རྣམས་བཞག་སྟེ་ལོ་པཎ་ཕྱིར་ལོག” ཞེས་གསུངས་པ་ལྟར། རྒྱལ་པོས་དེ་རྣམས་དཀོར་ཁང་དུ་བཞུགས་སུ་གསོལ་ཏེ། གཉན་པོ་གསང་བ་ཞེས་པའི་མཚན་གསོལ་ཏོ། དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་ནས་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་བང་སོ་ནི་རང་ཡུལ་ཕྱིང་ལུང་དར་ཐང་དུ་བཏབ། ཁོང་ནི་འོག་གི་བཙན་ལྔ་ལས་ལྔ་པ་དེ་ཡིན་ནོ། །

language:
Tibetan