- lha gnas so gsum gyi lha sum cu rtsa gsum/
- ID:
- T217213
- ལྷ་གནས་སོ་གསུམ་གྱི་ལྷ་སུམ་ཅུ་རྩ་གསུམ (Tibetan, Tibetan script, Original)
- > lha gnas so gsum gyi lha sum cu rtsa gsum/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lhané sosum gyilhasumchu tsasum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
ཆོས་བཟང་མཐོ་བ་རི་རྩེ་ལེགས་མཐོང་གནས། །ཕྱོགས་གཅིག་ཤིང་གསེབ་ཤིང་རྟ་སྣ་ཚོགས་གནས། །དགའ་བྱེད་རྣམ་མཛེས་ཡོངས་འདུར་གནས་པ་དང། །འདྲེས་པའི་འགྲམ་དང་ཚང་ཚིང་འགྲམ་ན་གནས། །ནོར་བུའི་སྙིང་པོ་གནས་དང་ཀུན་གསལ་སྤྱོད། །གསེར་ཕུག་ཁང་དང་ཕྲེང་བའི་གྲིབ་མ་དང། །མཐོ་དམར་རྒྱུ་དང་བཀྲ་བ་སྣ་ཚོགས་ཀྱིས། །སྦྱོར་བར་འཇུག་དང་ཞིབ་ཏུ་སྤྱོད་པ་དང། །གླུ་སྒྲར་ཆགས་དང་གཟི་བརྗིད་འབར་བ་དང་། །ཟླ་བའི་གནས་ལྟར་ཉ་དང་ཤིང་སཱ་ལ། །ཟུང་དང་མིག་ཕྱེར་འགྲོ་དང་བཙུམས་འགྲོས་དང། །ལུས་མདོག་བཟང་ཚེ་ནོར་བུ་འཕྱང་བ་དང། །རིས་མཐུན་འཁོར་གནས་མཐོ་བར་སྤྱོད་པ་དང། །གཟི་མཆོག་གཟི་བྲེང་མ་དྲོས་པ་དག་གོ། ཡང་ན། འདི་ལྟར་སྣང་སྟེ། ལྷའི་དབང་པོ་བརྒྱ་བྱིན་ལ་བཙུན་མོ་བཞི་ཡོད་དེ། ཆེ་བ་ཤ་འཚམས་མར་བུ་བཅུ་གཉིས། དེ་འོག་ཟླ་འཚམས་མར་ཉི་ཟླའི་བུ་བདུན། དེ་འོག་ཤ་ཙི་ཀར་དྲག་པོའི་བུ་བདུན། ཆུང་བ་ཡེ་སྲིད་མར་སྟོབས་ལྡན་གྱི་བུ་དྲུག་ཡོད། དེའི་སྟེང་བརྒྱ་བྱིན་རང་ངོ་། །ཡང་ན། རི་རབ་ཀྱི་སྟེང་དུ་ནོར་ལྷ་བརྒྱད་དང། དྲག་པོ་བཅུ། ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཉིས་ཏེ་ཉེ་དབང་སོ་གཉིས་དང་ལྷ་དབང་བརྒྱ་སྦྱིན་དང་སུམ་ཅུ་རྩ་གསུམ་རྩེ་ཞིང་རོལ་བའི་གནས་ཡིན་ནོ། །
- language:
- Tibetan
3. Thupten Phuntsok Dictionary
ཆོས་བཟང་མཐོ་བ་རི་རྩེ་ལེགས་མཐོང་གནས། །ཕྱོགས་གཅིག་ཤིང་གསེབ་ཤིང་རྟ་སྣ་ཚོགས་གནས། །དགའ་བྱེད་རྣམ་མཛེས་ཡོངས་འདུར་གནས་པ་དང་། །འདྲེས་པའི་འགྲམ་དང་ཚང་ཚིང་འགྲམ་ན་གནས། །ནོར་བུའི་སྙིང་པོ་གནས་དང་ཀུན་གསལ་སྤྱོད། །གསེར་ཕུག་ཁང་དང་ཕྲེང་བའི་གྲིབ་མ་དང་། །མཐོ་དམར་རྒྱུ་དང་བཀྲ་བ་སྣ་ཚོགས་ཀྱིས། །སྦྱོར་བར་འཇུག་དང་ཞིབ་ཏུ་སྤྱོད་པ་དང་། །གླུ་སྒྲར་ཆགས་དང་གཟི་བརྗིད་འབར་བ་དང་། །ཟླ་བའི་གནས་ལྟར་ཉ་དང་ཤིང་སཱ་ལ། །ཟུང་དང་མིག་ཕྱེར་འགྲོ་དང་བཙུམས་འགྲོས་དང་། །ལུས་མདོག་བཟང་ཚེ་ནོར་བུ་འཕྱང་བ་དང་། །རིས་མཐུན་འཁོར་གནས་མཐོ་བར་སྤྱོད་པ་དང་། །གཟི་མཆོག་གཟི་བྲེང་མ་དྲོས་པ་དག་གོ། ཡང་ན། འདི་ལྟར་སྣང་སྟེ། ལྷའི་དབང་པོ་བརྒྱ་བྱིན་ལ་བཙུན་མོ་བཞི་ཡོད་དེ། ཆེ་བ་ཤ་འཚམས་མར་བུ་བཅུ་གཉིས། དེ་འོག་ཟླ་འཚམས་མར་ཉི་ཟླའི་བུ་བདུན། དེ་འོག་ཤ་ཙི་ཀར་དྲག་པོའི་བུ་བདུན། ཆུང་བ་ཡེ་སྲིད་མར་སྟོབས་ལྡན་གྱི་བུ་དྲུག་ཡོད། དེའི་སྟེང་བརྒྱ་བྱིན་རང་ངོ་། །ཡང་ན། རི་རབ་ཀྱི་སྟེང་དུ་ནོར་ལྷ་བརྒྱད་དང་། དྲག་པོ་བཅུ། ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཉིས་ཏེ་ཉེ་དབང་སོ་གཉིས་དང་ལྷ་དབང་བརྒྱ་སྦྱིན་དང་སུམ་ཅུ་རྩ་གསུམ་རྩེ་ཞིང་རོལ་བའི་གནས་ཡིན་ནོ། །
- language:
- Tibetan