Skip to main content Skip to search
lha bu mgo dkar/
ID:
T217244
  • ལྷ་བུ་མགོ་དཀར (Tibetan, Tibetan script, Original)
    • > lha bu mgo dkar/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhabu gokar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

ལྷ་བུ་མགོ་དཀར་

language:
Tibetan

2. bod rgya tshig mdzod chen mo

[3085] བོད་ཀྱི་རྒྱལ་པོ་རབས་བཅུ་པ་ཨེ་ཤོ་ལེགས་སྐབས་ཀྱི་བློན་པོ་ཞིག་ལོ་རྒྱུས་ཐོག་གི་བཤད་སྲོལ་ལ་བློན་པོ་འདིས་ཆུ་ཡུར་པོར་དྲངས་པ་དང། སྤང་ཞིང་དུ་རྨོད། ཉི་མ་གཅིག་ལ་ག་ཚོད་བཏབ་ཐུབ་པའི་ཞིང་ཁ་དུམ་བུར་བགོས། ཆུ་ལ་ཟམ་པ་བཙུགས། རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན་པས། བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་གྱི་ནང་གསེས་ཤིག་...

language:
English

3. dung dkar bod rig pa'i tshig mdzod chen mo

བོད་རྒྱལ་ཨེ་ཤོ་ལེགས་ཀྱི་བློན་པོ་དང་འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ། རུ་ལས་སྐྱེས་ཀྱི་བུ། འདི་ཉིད་ཀྱིས་ཞིང་ལ་དོར་ཁ་དང་འབྲོག་ལ་ཐུལ་རྩི་བ། ཕུ་ཆུ་ཡུར་དུ་དྲངས་པ། མདའ་རུ་ཆུ་མ་རྨོ་བ་བཅས་ཀྱི་སྲོལ་གཏོད།

language:
Tibetan

4. Thupten Phuntsok Dictionary

བོད་ཀྱི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་སྐབས་ཀྱི་བློན་པོ་ཞིག ལོ་རྒྱུས་ཐོག་གི་བཤད་སྲོལ་ལ་བློན་པོ་འདིས་ཆུ་ཡུར་བུར་དྲངས་པ་དང་། སྤང་ཞིང་དུ་རྨོད། ཉི་མ་གཅིག་ལ་ག་ཚོད་བཏབ་ཐུབ་པའི་ཞིང་ཁ་དུམ་བུར་བགོས། ཆུ་ལ་ཟམ་པ་བཙུགས། རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན་པས། བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་གྱི་ནང་གསེས་ཤིག

language:
Tibetan

5. smon lam tshig mdzod chen mo

བོད་ཀྱི་རྒྱལ་པོ་རབས་བཅུ་པ་ཨེ་ཤོ་ལེགས་སྐབས་ཀྱི་བློན་པོ་ཞིག་ལོ་རྒྱུས་ཐོག་གི་བཤད་སྲོལ་ལ་བློན་པོ་འདིས་ཆུ་ཡུར་པོར་དྲངས་པ་དང༌། སྤང་ཞིང་དུ་རྨོད། ཉི་མ་གཅིག་ལ་ག་ཚོད་བཏབ་ཐུབ་པའི་ཞིང་ཁ་དུམ་བུར་བགོས། ཆུ་ལ་ཟམ་པ་བཙུགས། རྡོ་བཞུས་ནས་དངུལ་ཟངས་ལྕགས་གསུམ་བཏོན་པས། བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་གྱི་ནང་གསེས་ཤིག

language:
Tibetan

6. gangs can mkhas grub rim byon ming mdzod

[1853] ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་བློན་པོ་རུ་ལས་སྐྱེས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་པོ་ཨེ་ཤོ་ལེགས་ཀྱི་མཛངས་བློན་ཡིན་ཏེ། དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ “འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། མདའ་རུ་ཆུ་མ་རྨོ་བ་འདི་ནས་དར།” ཞེས་གསུངས་སོ། །

language:
Tibetan