Skip to main content Skip to search
lhun sdings bdud rtsi 'gyur med/
ID:
T218762
  • ལྷུན་སྡིངས་བདུད་རྩི་འགྱུར་མེད (Tibetan, Tibetan script, Original)
    • > lhun sdings bdud rtsi 'gyur med/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lhünding dütsi gyurmé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

self depression changeless amrita

language:
English

2. bod rgya tshig mdzod chen mo

[3108] རབ་བྱུང་བཅུ་པའི་ནང་གཙང་ལྷུན་སྡིངས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང་གསོ་བ་རིག་པ་ལ་དཔྱིས་ཕྱིན་པར་སྦྱངས། ཇོ་ནང་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་བླ་སྨན་པ་དང། རྒྱུད་བཞི་རྟག་བརྟན་པར་མ་པར་དུ་བརྐོ་བའི་དོ་དམ་དང་ཞུས་ཆེན་མཛད། གསུང་རྩོམ་ཡང་བྱང་པ་ཡབ་སྲས་ཀྱི་བཞེད་པ་གཙོར་སྟོན་པ་གསོ་བ་རིག་པའི་ལག་ལེན་ཀུན་གྱི་སྙིང་པོ་དགོས་འདོད་ཀུན་འབྱུང་སོགས་མཛད། ...

language:
English

3. Thupten Phuntsok Dictionary

རབ་བྱུང་བཅུ་པའི་ནང་གཙང་ལྷུན་སྡིངས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང་གསོ་བ་རིག་པ་ལ་དཔྱིས་ཕྱིན་པར་སྦྱངས། ཇོ་ནང་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་བླ་སྨན་པ་དང་། རྒྱུད་བཞི་རྟག་བརྟན་པར་མ་པར་དུ་བརྐོ་བའི་དོ་དམ་དང་ཞུས་ཆེན་མཛད། གསུང་རྩོམ་ཡང་བྱང་པ་ཡབ་སྲས་ཀྱི་བཞེད་པ་གཙོར་སྟོན་པ་གསོ་བ་རིག་པའི་ལག་ལེན་ཀུན་གྱི་སྙིང་པོ་དགོས་འདོད་ཀུན་འབྱུང་སོགས་མཛད།

language:
Tibetan

4. smon lam tshig mdzod chen mo

རབ་བྱུང་བཅུ་པའི་ནང་གཙང་ལྷུན་སྡིངས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང་གསོ་བ་རིག་པ་ལ་དཔྱིས་ཕྱིན་པར་སྦྱངས། ཇོ་ནང་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོའི་བླ་སྨན་པ་དང༌། རྒྱུད་བཞི་རྟག་བརྟན་པར་མ་པར་དུ་བརྐོ་བའི་དོ་དམ་དང་ཞུས་ཆེན་མཛད། གསུང་རྩོམ་ཡང་བྱང་པ་ཡབ་སྲས་ཀྱི་བཞེད་པ་གཙོར་སྟོན་པ་གསོ་བ་རིག་པའི་ལག་ལེན་ཀུན་གྱི་སྙིང་པོ་དགོས་འདོད་ཀུན་འབྱུང་སོགས་མཛད།

language:
Tibetan

5. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་གཙང་ཕྱོགས་སུ་ཡབ་གཉའ་བསོད་ནམས་ཆོས་འཕེལ་གྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་[1879]སྦྱངས་པ་དང་། ཁྱད་པར་དུ་ཡབ་ཆེན་བསོད་ནམས་ཆོས་འཕེལ་ལས་གསོ་བ་རིག་པའི་སྙན་བརྒྱུད་ཞལ་ཤེས་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་གདམས་ངག་ཀུན་གྱི་བདག་པོར་གྱུར། དེ་ནས་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའི (1576—?) བླ་སྨན་མཛད་ཅིང་། 《རྒྱུད་བཞི》དཔར་དུ་བཞེངས་ཏེ་ཞུས་དག་གནང་བ་ལ་རྒྱུད་བཞི་རྟག་བརྟན་དཔར་མ་ཞེས་སུ་གྲགས། ཁོང་གིས་རིགས་སྲས་རྣམ་རྒྱལ་རྡོ་རྗེ་ལ་གསོ་རིག་གི་མན་ངག་ལག་ལེན་སྐོར་གྱི་གདམས་པ་མ་ལུས་པ་གནང་བས་རྒྱལ་དབང་ལྔ་བ་དང་སྡེ་སྲིད་རིན་པོ་ཆེ་གཉིས་ཀྱི་སྐབས་སུ་གསོ་དཔྱད་ཀྱི་སྐོར་ལ་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གི་གསུང་རྩོམ་ནི་ནད་རྟགས་དང་སྨན་བཅོས་ཀྱི་སྐོར་སོགས་མ་ཚང་པ་མེད་པའི་སྨན་གཞུང《གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་》བཅས་བཞུགས་སོ། །

language:
Tibetan