Skip to main content Skip to search
mkhar rdo bzod pa rgya mtsho/
ID:
T21983
  • མཁར་རྡོ་བཟོད་པ་རྒྱ་མཚོ (Tibetan, Tibetan script, Original)
    • > mkhar rdo bzod pa rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khardo zöpa gyamtso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

first Khardo Rinpoche, Söpa Gyatso. (b. 1672)

language:
English

2. dung dkar bod rig pa'i tshig mdzod chen mo

མཚན་གྱི་རྣམ་གྲངས་སུ་བློ་བཟང་སྒོམ་ཆུང་ཡང་ཟེར། ཆོས་འཁོར་ལྷ་སའི་སྟེང་ཁང་སྦུག་ཏུ་ཡབ་སྔགས་འཆང་ངག་དབང་ཚུལ་ཁྲིམས་དང་ཡུམ་ཨ་ཅེ་སྐྱིད་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་ྭཅུ་གཅིག་པའི་ཆུ་བྱི(༡༦༧༢)ལོར་འཁྲུངས། དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས་ཡབ་ཡུམ་གཉིས་ལ་གནང་བ་གསོལ་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། བྱེས་མཁན་པོ་རྒྱལ་མཚན་དོན་གྲུབ་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་པོ་ལྔར་གསན་བསམ་མཐར་ཕྱིན་པ་མཛད། དགུང་ལོ་ཉི་ཤུ་པར་མཁན་པོ་དེ་ཉིད་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བྲག་ཡེར་པ་དང༌། མཁར་རྡོ། འཕན་པོ། འབུམ་པ། རྭ་སྒྲེང་སོགས་གནས་ངེས་མེད་དུ་ལོ་འགའ་ཤས་རིང་སྒོམ་སྒྲུབ་རྩེ་གཅིག་ཏུ་མཛད་ཅིང༌། དེའི་རིང་གི་འཚོ་བ་ཡང་ཆུའི་བཅུད་ལེན་དང༌། རྡེའུ་བཅུད་ལེན། མེ་ཏོག་བཅུད་ལེན་སོགས་སྟབས་གང་བདེར་གནང་ནས་བཞུགས་པས་ཉམས་རྟོགས་ལ་མངའ་བརྙེས། སློབ་མ་ཉུང་འདུས་ལ་སོ་སོའི་གནས་བབས་དང་འཚམས་པའི་ཆོས་ཀྱང་ཞར་བྱུང་དུ་སྩལ། དགུང་ལོ་སོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་(༡༧༠༦)ལོར་མཁར་རྡོ་རི་ཁྲོད་ཕྱག་བཏབ་ནས་ཆོས་བཀའ་ཡང་ཡང་གནང༌། རྒྱུན་དུ་གནས་ངེས་མེད་དུ་བཞུགས་ཏེ་སྒྲུབ་པ་ཉམས་བཞེས་མཛད་པས་སློབ་མ་གྲགས་ཅན་མང་དུ་བྱུང༌། གསུང་རྩོམ་ཡང་བསླབ་བྱ་དང༌། མགུར་མ། བླ་མ་མཆོད་པའི་ཁྲིད་སོགས་ཕྱོགས་བསྡུས་པོད་གཅིག་ཙམ་ཡོད། དགུང་ལོ་ཇི་ཙམ་བཞུགས་པའི་ལོ་རྒྱུས་མ་རྙེད། རྣམ་ཐར་ཟུར་འཁོད་འིག་ཡོད་པ་དཀར་ཆག་ཁག་ཏུ་གསལ་ཡང་བདག་ཀིས་མ་མཐོང་ཞིང༌། མདོར་བསྡུས་ཙམ་ཞིག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི<<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར>>ལྕགས་དཔར་མའི་ཤོག་གྲངས༦༧༡ནས༦༧༤བར་ཡོད།

language:
Tibetan

3. Thupten Phuntsok Dictionary

མཚན་གྱི་རྣམ་གྲངས་སུ་བློ་བཟང་སྒོམ་ཆུང་ཡང་ཟེར། ཆོས་འཁོར་ལྷ་སའི་སྟེང་ཁང་སྦུག་ཏུ་ཡབ་སྔགས་འཆང་ངག་དབང་ཚུལ་ཁྲིམས་དང་ཡུམ་ཨ་ཅེ་སྐྱིད་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་བྱི (༡༦༧༢) ལོར་འཁྲུངས། དགུང་ལོ་ཇི་ཙམ་བཞུགས་པའི་ལོ་རྒྱུས་མ་རྙེད།

language:
Tibetan

4. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ 1672 ལོར་ལྷ་སར་ཡབ་ངག་དབང་ཚུལ་ཁྲིམས་དང་། ཡུམ་ཨ་ལྕེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་བྱིས་པའི་དུས་ཀྱི་མིང་ལ་ཤེས་རབ་རྒྱ་མཚོ་ཞེས་ཞུ། དགུང་ལོ་བདུན་པར་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད། དགུང་ལོ་བཅུ་གསུམ་པར་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་སློབ་དཔོན་རྒྱལ་མཚན་དོན་གྲུབ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་མཚན་ལ་བཟོད་པ་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་བཞི་པར་ཆོས་གྲྭར་འགྲིམས་ཏེ་བསྡུས་གཞུང་དང་། ཕར་ཕྱིན་གཉིས་ལ་སྦྱངས་པ་མཛད། དགུང་ལོ་བཅུ་བདུན་པར་གྲྭ་ཚང་ལ་དགོངས་པ་ཞུས་ནས་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ཏེ་བྱང་ཆུབ་ལམ་རིམ་དང་། བློ་སྦྱོང་དོན་བདུན་མ། གཅོད། སྙིང་པོ་དོན་གསུམ་བཅས་ཀྱི་ཁྲིད་རྣམས་ལེགས་པར་ཞུས་ཤིང་སྒྲུབ་པ་ཉམས་ལེན་མཛད་པས་རྟོགས་པར་མངོན་དུ་གྱུར། དགུང་ལོ་ཉི་ཤུ་ཐམ་པར་[217]སློབ་དཔོན་རྒྱལ་མཚན་དོན་གྲུབ་ལས་བསྙེན་པར་རྫོགས་ཤིང་བཀའ་མང་དུ་གསན། དེ་ནས་འོལ་ཁ་དང་། ཆོས་འཁོར་རྒྱལ། ཙ་རི། ཡེར་པ། རྭ་སྒྲེང་། མཁར་རྡོ། དབེན་དགོན། རྒོད་ཚང་། སྣར་ཐང་། གངས་ཅན། ཁྲོ་ཕུ། དངུལ་ཆུ་ཆོས་རྫོང་། རྟ་ནག རྟ་ཕུག་རྡོ་རྗེའི་གུར་ཁང་སོགས་སུ་འགྲིམས་ནས་སྒྲུབ་པ་ཉམས་ལེན་མཛད། སླར་མཁར་རྡོར་ཕེབས་ཏེ་སྒྲུབ་སྡེ་བཙུགས་ནས་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་གསུམ་པ་ཡིན། ཁོང་གི་གསུང་རྩོམ་ནི《བླངས་དོར་མུན་སེལ》། 《བླ་མ་མཆོད་པའི་ཁྲིད》། 《ཕ་བོང་ཁའི་དཀར་ཆག》། 《བདེ་ལམ་གྱི་ཞལ་ཤེས་ལྷན་ཐབས》། 《རྡོར་སེམས་ཁྲིད་ཡིག》། 《བླ་མའི་རྣལ་འབྱོར》། 《མེ་ཏོག་བཅུད་ལེན་གྱི་སྡོམ་པ》། 《རྒྱུན་ཁྱེར་གཅོད་ཀྱི་སྙིང་པོ》། 《གནས་བཅུའི་ཆོ་ག》། 《རྒྱུན་ཁྱེར་ཚོགས་མཆོད་སྙིང་པོ》། 《རྡོར་སེམས་བུམ་སྒྲུབ》། 《མགུར་མ་ཕྱོགས་བསྡེབས》། 《རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཡིག》། 《བྱང་ཆུབ་ལམ་གྱི་རིམ་པའི་སྡོན་འགྲོའི་དོན་བསམ་པ་མདོ་ལུང་གསལ་བའི་ཉི་མ》། 《རྗེ་དགེ་ལེགས་རྒྱ་མཚོའི་རྣམ་ཐར》། 《རྟ་ཕུག་པའི་རྣམ་ཐར》བཅས་ཆོས་ཚན་ཉི་ཤུ་རྩ་གཉིས་བཞུགས་སོ།།

language:
Tibetan