Skip to main content Skip to search
mkhas grub khyung po rnal 'byor/
ID:
T22068
  • མཁས་གྲུབ་ཁྱུང་པོ་རྣལ་འབྱོར (Tibetan, Tibetan script, Original)
    • > mkhas grub khyung po rnal 'byor/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khedrup khyungpo nenjor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

the learned and accomplished Khyungpo Naljor, [978-1127], founder of ཤངས་པ་བཀའ་བརྒྱུད་ lineage

language:
English

2. Ives Waldo Dictionary

  • the learned and accomplished Khyungpo naljor, (978-1127), founder of ཤངས་པ་བཀའ་བརྒྱུད་ lineage [rab byung dang po'i me yos gong gi lo grangs zhe dgu pa sa stag la snye mo ra mang du 'khrungs, dgung lo brgya dang lnga bcu tsam bzhugs par grags, gdung rus khyung po, gzhon nu'i dus su bon lugs sogs bslabs pa de la blo ma 'khel bar bal po dang rgya gar du chos la don gnyer mdzad, lo lnga bcu tsam gyi ring rgya bal bod gsum du 'byon bzhud mdzad, g.yas ru shangs su zhang zhang gi dgon pas gtsos pa'i dgon pa mang du btab, de nas shangs pa bka' brgyud kyi srol phye, grva pa khri tsho du ma 'dus par grags, chos rgyud lo grangs bzhi brgya tsam dar nas rim gyis bag la zha bar gyur,

    language:
    English
  • the learned and accomplished Khyungpo Naljor [978-1127), founder of ཤངས་པ་བཀའ་བརྒྱུད་ lineage [R]

    language:
    English

3. bod rgya tshig mdzod chen mo

[302] རབ་བྱུང་དང་པོའི་མེ་ཡོས་གོང་གི་ལོ་གྲངས་ཞེ་དགུ་པ་ས་སྟག་ལ་སྙེ་མོ་ར་མང་དུ་འཁྲུངས། དགུང་ལོ་བརྒྱ་དང་ལྔ་བཅུ་ཙམ་བཞུགས་པར་གྲགས། གདུང་རུས་ཁྱུང་པོ། གཞོན་ནུའི་དུས་སུ་བོན་ལུགས་སོགས་བསླབས་པ་དེ་ལ་བློ་མ་འཁེལ་བར་བལ་པོ་དང་རྒྱ་གར་དུ་ཆོས་ལ་དོན་གཉེར་མཛད། ལོ་ལྔ་བཅུ་ཙམ་གྱི་རིང་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད། གཡས་རུ་ཤངས་སུ་ཞང་ཞང་གི་དགོན་པས་གཙོས་པའི་དགོན་པ་མང་དུ་བཏབ། དེ་ནས་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་ཕྱེ། གྲྭ་པ་ཁྲི་ཚོ་དུ་མ་འདུས་པར་གྲགས། ཆོས་རྒྱུད་ལོ་གྲངས་བཞི་བརྒྱ་ཙམ་དར་ནས་རིམ་གྱིས་བག་ལ་ཞ་བར་གྱུར། ...

language:
English

4. dung dkar bod rig pa'i tshig mdzod chen mo

ཡོངས་གྲགས་ཀྱི་མཚན་ལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞེས་འབོད་སྲོལ་ཡོད། ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྲོལ་ཐོག་མར་དར་སྤེལ་མཛད་པ་པོ་ཡིན། སྙེ་མོ་ར་མངས་སུ་ཡབ་ཁྱུང་རྒྱལ་སྟག་སྐྱེས་དང༌། ཡུམ་འགོས་བཟའ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་དང་པོའི་ལྕགས་སྟག(༩༠༩)ལོར་འཁྲུངས། འཁྲུངས་མ་ཐག་པའི་དུས་སུ་རྒྱ་གར་གྱི་གྲུབ་ཆེན་ཨ་མོ་ལྷ་བཛ་བྱོན་ཏེ་བུ་ཆུང་འདིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་བྱེད་ཐུབ་པ་ཞིག་འབྱུང་ཞེས་ལུང་བསྟན་མཛད། རུས་ཁྱུང་པོ་ཡིན་ཅིང༌། དགུང༌། ལོ་བཅུ་ནས་ཡི་གེ་འབྲི་ཀློག་དང༌། སྐར་རྩིས་བཅས་མཁས་པར་མཁྱེན། ཡབ་མེས་རྣམས་ཀྱི་ཆོས་ལུགས་བོན་ཡིན་སྟབས་བོན་གྱི་སློབ་དཔོན་གཡུང་དྲུང་རྒྱལ་བསྟེན་ནས་བོན་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པར་སྦྱངས་ཏེ་འཆད་སྤེལ་མཛད་པས་སློབ་མ་ཡང་བདུན་བརྒྱ་ལྷག་ཙམ་བྱུང་ཞིང༌། བོན་སྐོར་གྱི་སྒྲུབ་ཐབས་དང༌། བསྟན་བཅོས། དཀའ་འགྲེལ་སོགས་ཀྱང་མང་པོ་བརྩམས་གནང་མཛད་དེ། བོན་ལ་མཁས་པའི་གྲུབ་ཐོབ་ཆེན་པོར་གྱུར་པ་ན། ཁོང་གི་ཐུགས་ལ་བོན་འདི་རྒྱ་གར་སྐད་ནས་ཚུར་བོད་སྐད་དུ་བསྒྱུར་བ་ནི་མིན་པར་འདུག མི་ཐམས་ཅད་ཀྱིས་ཁྱོད་ཆོས་པ་མིན་པར་བོན་པོ་ཡིན་པར་འདུག་ཟེར་ནས་བརྙས་སྨོད་བྱས་པར་བརྟེན། རྒྱ་གར་དུ་འབྱོན་དགོངས་ནས་གསེར་སྲང་མང་པོ་གྲ་སྒྲིག་གནང་བས་ཡབ་ཡུམ་གཉིས་ཀྱིས་ངེད་གཉིས་ལོ་ན་རྒས་པས་མ་ཤི་བར་རྒྱ་གར་དུ་མ་འགྲོ་གསུངས་ནས་མ་བཏང་བར་བརྟེན། གནས་སྐབས་རིང་བོན་གྱི་སློབ་མ་བུ་ཆེན་མཁས་པ་རྣམས་ལ་གཉེར་གཏད་མཛད། གསང་སྔགས་སྔ་འགྱུར་གྱི་སློབ་དཔོན་འབྱུང་གནས་སེང་གེ་ལ་གསེར་དང༌། དར་གོས། རྟ་སོགས་ཕུལ་ནས་རྫོགས་ཆེན་གྱི་ཆོས་སྐོར་ཆ་ཚང་བར་གསན་ནས་སྒོམ་སྒྲུབ་དང་འཆད་སྤེལ་མཛད་པས་སློབ་མ་སུམ་བརྒྱ་ཙམ་བྱུང་འིང༌། མཚན་སྙན་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། དེ་ནས་ད་དུང་ཐུགས་མ་ཚིམ་པར་བརྟེན་སློབ་མ་དེ་དག་བཞག་སྟེ། སྟོད་ལུང་ཤོ་མ་རར་སློབ་དཔོན་སྐོར་ནི་རྙུ་པའི་དྲུང་དུ་བྱོན་ནས་ཕྱག་ཆེན་དང་དོ་ཧཱ་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། ད་དུང་ཐུགས་བློ་མ་ཁེངས་པར་རྒྱ་གར་དུ་བྱོན་པར་དགོངས་ནས་སྲུ་མོས་གཡུ་མང་པོ་ཕུལ་བ་དང༌། ས་འིང་བཙོངས་པའི་རིན་དང༌། སྔར་གྱི་སློབ་མ་རྣམས་ཀྱིས་གསེར་མང་པོ་ཕུལ་བ་བཅས་བསྡོམས་པའི་གསེར་སྲང་བརྒྱ་ལྷག་ཙམ་ཡོད་པ་བསྣམས་ཐོག་བལ་ཡུལ་དུ་གུ་ལང་གི་གསེར་ཁ་བརྟོལ་བ་དང་སྟབས་ཁེལ་ཏེ་གསེར་སྲང་སྟོང་ལྷག་བྱུང་བ་བསྣམས་ནས་བལ་ཡུལ་དུ་ཕེབས་ཏེ་བལ་པོ་ཕམ་མཐིང་པའི་དྲུང་ནས་བདེ་མཆོག་དང་གདན་བཞི་ཞུས། བླ་མ་ར་ཧུ་ལ་བཛ་བསྟེན་ནས་ཆོས་མང་པོ་གསན། རྒྱ་གར་དུ་ཕེབས་ནས་བླ་མ་རྡོ་རྗེ་གདན་པ་དང་མཇལ་ནས་འདོད་ཆོས་མང་པོ་གསན། གཞན་ཡང་གྲུབ་ཆེན་ཤི་བཛ་ས་ན་ཛ་དང༌། བེ་རོ་ཙཱ་ན་ར་ཁྲིཏ། ཏ་ཐཱ་ག་ཏ་ར་ཁྲིཏ། ཨ་མོ་སྟ་བཛ་སོགས་པཉི་ཏ་དང༌། གྲུབ་ཐོབ་ཀྱི་བླ་མ་དང༌། མཁའ་འགྲོ་མ་ཀ་ན་ཀ་ཤི་སོགས་མང་པོར་བསྟེན་ནས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང༌། བླ་མ་མེ་ཏྲི་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ཆོས་སྐོར་ཆ་ཚང་བ་གསན། པཎ་ཆེན་ནཱ་རོ་པའི་སྲིང་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་དང་མཇལ་ནས་སྒྱུ་ལུས་རྨི་ལམ་གྱི་དབང་དང༌། ནཱ་རོ་ཆོས་དྲུག སྒྱུ་མ་ལམ་རིམ་སོགས་ཐུན་མོང་མ་ཡིན་པའི་གདམས་ངག་ཡོངས་སུ་རྫོགས་པ་གསན། གཞན་ཡང༌། མཁའ་འགྲོ་མ་སུ་ཁ་སིརྙི་དང༌། མཁའ་འགྲོ་མ་གརྒོ་རྙ་ར་སོགས་བླ་མ་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན་ནས་དེ་རྣམས་ལ་མངའ་བའི་གསང་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་ཅིང༌། ཆོས་ཡོན་དུ་གསེར་ཕངས་མེད་དུ་ཕུལ། དེ་ནས་བོད་དུ་ཕྱིར་ལོག་ཕེབས་ཏེ་མངའ་རིས་སུ་འབྱོར་བ་དང༌། ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་སུ་བཞུགས་པ་དང་མཇལ་ནས་གསང་བ་འདུས་པ་དང་བདེ་མཆོག་སྐོར་གསན། དགེ་བའེས་གླང་རི་ཐང་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བླ་མ་ར་ཧུ་ལ་གུསྟ་བཛ་རྒྱ་གར་ནས་བོད་དུ་ཐེངས་གསུམ་ཕེབས་ཏེ་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་གདམས་པ་མང་དུ་གནང་ཞིང༌། སློབ་མ་ཡང་གྲངས་ཀྱིས་མི་ཆོད་པ་བྱུང༌། ཐོག་མར་འཕན་པོ་འཇོག་པོའི་ཕུ(ལྷ་ས་གྲོང་ཁྱེར་༡ང་བྲན་ཤང་གི་ཕུ)ལ་འགད་ཀར་གྱི་དགོན་པ་བཏབ་ནས་གནས་གཞི་བཟུང་བས་དེར་སློབ་མ་ཉིས་སྟོང་ལྷག་ཙམ་འདུས་ནས་མ་ཤོང་བས་བླ་མ་རང་ཉིད་ཡུལ་སོ་སོར་ཕེབས་ནས་དབྱར་སྟོན་གཉིས་ཀྱི་རིང་ཆོས་གསུངས། དགུན་གྱི་སློབ་མ་རྣམས་མཚམས་དམ་པོ་ལ་སྡོད་དུ་བཅུག་པ་བཅས་ལོ་གསུམ་རིང་དེ་ལྟར་མཛད་པས་སློབ་མ་སུམ་སྟོང་ལྷག་ཙམ་བྱུང༌། དེ་ནས་དགུང་ལོ་དོན་གཉིས་ལ་ཕེབས་པ་རབ་བྱུང་གཉིས་པའི་ལྕགས་གླང་(༡༡༢༡)ལོར་ཤངས་སུ་ཕེབས་ནས་གཞོང་གཞོང་ལ་སོགས་པའི་དགོན་པ་བརྒྱ་དང་བརྒྱད་ལོ་གསུམ་གྱི་ནང་བཏབ། སྐུ་ཚེའི་སྨད་དུ་སློབ་མ་གྲྭ་པ་ཁྲི་བརྒྱད་ཙམ(རྣམ་ཐར་མང་པོའི་ནང་དེ་ལྟར་གསལ)ཚོགས་པ་བྱུང༌། དགུང་ལོ་བརྒྱ་དང་ལྔ་བཅུ་བཞེས་པ་རབ་བྱུང་གཉིས་པའི་ས་ལུག་(༡༡༣༩)ལོར་སྐུ་གཤེགས། ཞལ་ཆེམས་ལ་སྐུ་དམར་གདུང་དུ་འཇོག་དགོས་པར་གསུངས་ཀྱང་སློབ་མ་རྣམས་ཀྱི་ནང་སྐུ་གདུང་བགོ་བཤའ་བྱེད་འདོད་བྱེད་མཁན་ཤུགས་ཆེ་བར་བྱུང་སྟེ་ཞུགས་འབུལ་བྱས་ནས་གདུང་རྟེན་བཞེངས་པས་རྟེན་འབྲེལ་འཕྱུགས་ཞེས་རྣམ་ཐར་ལས་གསལ། རྣམ་ཐར་སྐོར། <<ཤངས་པ་བཀའ་བརྒྱུད་གསེར་ཕྲེང>>བྲིས་མ་པོད་གཅིག་གི་ལེ་ཚན[ཀ]པར<<མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར>>ཉིད་ཀྱི་སློབ་མའི་གཙོ་བོ་ཞང་སྒོམ་ཆོས་སེང་དང༌། སྨེའུ་སྟོན་པ། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། ཉེ་གནས་རིན་ཆེན་རྡོ་རྗེ་རྣམས་ལ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིག་རྙིང་དབུ་མེད་བྲིས་མ་དཔེ་འབྲིང་ཤོག་གྲངས་༤༠ཡོད་པ་ཞིག་མཐོང་ཞིང༌། དེ་ལས་བསྡུས་པ<<དེབ་སྔོན>>ལྕགས་དཔར་མའི་སྨད་ཆ་ཤོག་གྲངས་༨༨༥ནས་༨༥༩བར་དང༌། <<མཁས་པའི་དགའ་སྟོན>>ལྕགས་དཔར་མའི་སྨད་ཆ་ཤོག་གྲངས༡༢༧༢ནས་༡༣༧༤བར་གསལ་བ་དེར་གཟིགས།

language:
Tibetan

5. Thupten Phuntsok Dictionary

སྤྱི་ལོ་༡༠༡༤པའི་ཤིང་སྟག་ལོར་ཡབ་ཁྱུང་པོ་སྟག་སྐྱེས་ཞེས་པའི་སྲས་སུ་ཡུལ་སྙེ་མོར་སྐུ་འཁྲུངས། གཞོན་ནུའི་དུས་སུ་བོན་པོ་གཡུང་དྲུང་རྒྱལ་བ་ལས་བོན་བསླབས་པས་མཁས་པར་གྱུར། བོན་གྱི་སློབ་མ་མང་པོ་བྱུང་། དེ་ནས་བོན་ལ་མ་མཉེས་ནས་རྙིང་མ་ལ་ཞུགས་ཏེ་རྫོགས་ཆེན་གསན་པས་མཁས་པར་གྱུར། སློབ་མ་མཐའ་ཡས་པ་འདུས། དེ་ཡང་སྤྱོད་པ་མ་ལེགས་པར་དགོངས་ནས་སྐོར་ནི་རུ་བ་ལས་ཨ་མན་སེའི་མན་ངག་གསན། ཞེས་མཁས་པའི་དགའ་སྟོན་ལས་གསལ། དེ་ནས་རྒྱ་གར་དུ་ཕྱིན་ཏེ་སུ་མ་ཏི་ལས་ལོ་ཙཱ་བསླབས། རྒྱ་གར་དང་བལ་ཡུལ་སོགས་ཀྱི་མཁས་པ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་རིག་གཞུང་མང་པོར་སྦྱངས། དེ་ལ་བརྟེན་ནས་བཤད་པ། རྩོད་པ། སྒྲུབ་པ་སྟེ་ལམ་རིམ་པ་གསུམ་ཀ་བརྟེན་ནས་ཕྲིན་ལས་ཀྱི་རྒྱུན་འཕེལ་བ་ལས། ཕྱི་མ་སྒྲུབ་པའི་ལམ་རིམ་གྱི་སྙིང་པོ་དེང་གི་བར་དུ་ཡང་བཞུགས་པ་ནི། གསེར་ཆོས་རྩ་བར་གྱུར་པའི་ཆོས་སྐོར་ལྔ། ཞེས་པ་སྟེ། ནི་གུ། སུ་ཁ་སིདྡྷི། རྡོ་རྗེ་གདན་པ། མཻ་ཏྲི་པ། རཱ་ཧུ་ལ་རྣམས་ལས་ཞུས་པ་རྣམས་ལ་ཆོས་སྐོར་ལྔ་ཞེས་ཟེར། ཤངས་པའི་གསེར་ཆོས་རྣམ་ལྔ་ཞེས་པ། རྩ་བ་ནཱ་རོ་ཆོས་དྲུག སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཕྱུག་མེད་དང་ལྔ་ལ་ཟེར། ཕྱིར་བོད་དུ་ཕེབས་པ་དང་ཞང་ཞུང་མཐོ་ལྡིང་གི་གཙུགས་ལག་ཁང་དུ་ཇོ་བོ་རྗེ་བཞུགས་པ་དང་མཇལ། སྤྱིར་རྒྱ་གར་ལ་ལན་བདུན་ཙམ་ཕེབས་པར་བཤད། སྤྱི་ལོ་༡༠༦༡པའི་ལྕགས་ཀླང་ལོར་གཙང་གཡས་རུ་ཤངས་ཀྱི་ཞང་ཞོང་དུ་གདན་ས་མཛད་པས་བླ་མ་ལ་ཤངས་པ་དང་། བརྒྱུད་འཛིན་རྣམས་ལ་ཤང་པ་བཀའ་བརྒྱུད་དུ་གྲགས། དེ་ནས་རྒྱ་གར་དུ་གསེར་མང་པོར་བསྣམས་ནས་ཕེབས། བླ་མ་རྡོ་རྗེ་གདན་པ་དང་མཇལ་ནས་བསྙེན་རྫོགས་གནང་པ་ཞུས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་བླ་མ་གླང་རི་ཐང་པ་ལས་བསྙེན་རྫོགས་ཞུ་དགོས་པའི་ལུང་བསྟན་ལྟར། ཕྱིས་ལོ་མང་དུ་སོང་རྗེས་གླང་རི་ཐང་པ་ལས་བསྙེན་རྫོགས་ཞུས་ཚུལ་མཁས་པའི་དགའ་སྟོན་ལས་གསལ། དེ་ལྟར་ན་གླང་རི་ཐང་པ་ནི་རབ་བྱུང་དང་པོའི་ཤིང་རྟ་སྤྱི་ལོ་༡༠༥༤ལོར་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཡོས་སྤྱི་ལོ་༡༡༢༣ལོར་སྐུ་གཤེགས་པ་དེབ་སྔོན་ལས་གསལ། གཞན་ལ་བསྙེན་རྫོགས་ཀྱིས་སྡོམ་པ་གནང་བ་ལ་མ་མཐར་ཡང་རང་ལོ་སོ་གཅིག་ལས་ཉུང་ཐབས་མེད་པས། དེས་ན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་གླང་རི་པ་ལས་བསྙེན་རྫོགས་ཞུ་བའི་དུས་ནི་གླང་རི་ཐང་པ་དགུང་ལོ་སོ་གཅིག་པའི་ཤིང་བྱི་སྤྱི་ལོ་༡༠༨༤ལོའི་རྗེས་སུ་ཡིན་དགོས་པས་སྐབས་དེར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དགུང་ལོ་དོན་གཅིག་ཟིན་པའི་རྗེས་སུ་ཡིན་དགོས་པ་གསལ། ལོ་རྒྱུས་ཡོངས་སུ་ཁྱུང་པོ་རྣལ་འབྱོར་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པར་བཤད་པ་ནི། ཚོགས་པའི་མཐར་ཐུག་ཁྲི་ཕྲག་བརྒྱད། །ཚེ་ཡི་མཐར་ཐུག་བརྒྱ་ལྔ་བཅུ། །སློབ་མའི་མཐར་ཐུག་ལྔ་དང་གཅིག །ཅེས་པའི་ལུང་བསྟན་ཙམ་ལས་གཞན་པའི་དགུང་ལོ་བརྒྱ་ལྔ་བཅུ་བཞུགས་པའི་དཔང་རྟགས་གང་ཡང་མ་མཐོང་། ཕལ་ཆེར་དགུང་ལོ་བརྒྱ་སྐོར་ཙམ་ལ་ཟིན་པ་ཞིག་བཞུགས་ཡོད་པར་འདྲ།

language:
Tibetan

6. smon lam tshig mdzod chen mo

རབ་བྱུང་དང་པོའི་མེ་ཡོས་གོང་གི་ལོ་གྲངས་ཞེ་དགུ་པ་ས་སྟག་ལ་སྙེ་མོ་ར་མང་དུ་འཁྲུངས། དགུང་ལོ་བརྒྱ་དང་ལྔ་བཅུ་ཙམ་བཞུགས་པར་གྲགས། གདུང་རུས་ཁྱུང་པོ། གཞོན་ནུའི་དུས་སུ་བོན་ལུགས་སོགས་བསླབས་པ་དེ་ལ་བློ་མ་འཁེལ་བར་བལ་པོ་དང་རྒྱ་གར་དུ་ཆོས་ལ་དོན་གཉེར་མཛད། ལོ་ལྔ་བཅུ་ཙམ་གྱི་རིང་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད། གཡས་རུ་ཤངས་སུ་ཞང་ཞང་གི་དགོན་པས་གཙོས་པའི་དགོན་པ་མང་དུ་བཏབ། དེ་ནས་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་ཕྱེ། གྲྭ་པ་ཁྲི་ཚོ་དུ་མ་འདུས་པར་གྲགས། ཆོས་རྒྱུད་ལོ་གྲངས་བཞི་བརྒྱ་ཙམ་དར་ནས་རིམ་གྱིས་བག་ལ་ཞ་བར་གྱུར།

language:
Tibetan

7. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དང་པོའི་མེ་ཡོས་གོང་གི་བགྲང་བྱ་ཞེ་དགུ་པ་[218]ས་ཕོ་སྟག་ལོ་སྟེ་སྤྱི་ལོ 978 ལོར་སྙེ་མོ་ར་མངས་སུ་ཡབ་སྟག་སྐྱེས་དང་། ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1127 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་རྒྱ་བོད་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དུས་ཀྱི་འཁོར་ལོ་ལ་མཁས། དགུང་ལོ་བཅུ་གསུམ་པར་སློབ་དཔོན་གཡུང་དྲུང་རྒྱལ་བ་ལས་བོན་ཆོས་མཁས་པར་བསླབས་ནས་གཞན་ལ་བཤད་པས་དཔེ་འགྲེམས་བདུན་བརྒྱ་ཙམ་བྱུང་། བླ་མ་འབྱུང་གནས་སེང་གེ་ལས་རྫོགས་ཆེན་སེམས་སྡེའི་སྐོར་མང་དུ་གསན་ནས་བཤད་པས་དེར་ཡང་སློབ་མ་བདུན་བརྒྱ་ཙམ་བྱུང་། དེ་ནས་བལ་ཡུལ་དུ་ཕེབས་ཏེ་པཎྜི་ཏ་པ་སུ་མ་ཏི་ལས་ལོ་ཙཱ་བསླབས། ལོ་ངོ་ལྔ་བཅུ་ཙམ་གྱི་རིང་ལ་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད། རྒྱ་བལ་དུ་བླ་མ་མཁས་པ་དང་གྲུབ་ཐོབ་བརྒྱ་དང་ལྔ་བཅུར་བསྟེན་ནས་མདོ་སྔགས་ཀྱི་གཞུང་དང་མན་ངག་མཐའ་ཡས་པ་ཐུགས་སུ་ཆུད། ཐུན་མོང་གི་བླ་མ་རྡོ་རྗེ་གདན་པ་ཆེན་པོ་དང་། མཻ་ཏྲི་བ། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་སྟེ་བཞི། ཐུན་མིན་གྱི་བླ་མ་ཡེ་ཤེས་གྱི་མཁའ་འགྲོ་མ་ནི་གུ་མ། སུ་ཁ་སིདྡྷི་སྟེ་དྲུག་པོ་དེ་གཙོ་བོར་མཛད། ནི་གུ་མ་ལས་སྒྱུ་ལུས་ཀྱི་ལམ་གྱི་དབང་དང་། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ་སོགས་གདམས་ངག་མང་དུ་གསན། མཻ་ཏྲི་བ་ལས་ཡེ་ཤེས་མགོན་པོའི་ཆོས་སྐོར་གསན། གླང་རི་ཐང་པ་རྡོ་རྗེ་སེང་གེ་ལས་བསྙེན་པར་རྫོགས། དེ་ནས་གཡས་རུ་ཤངས་སུ་བྱོན་ནས་ལོ་གསུམ་གྱི་ནང་དུ་ཞང་ཞོང་གི་དགོན་པས་གཙོས་པའི་དགོན་པ་བརྒྱ་དང་རྩ་བརྒྱད་གསར་འདེབས་[219]མཛད། དེ་ཕྱིན་ནས་ཤངས་པ་བཀའ་བརྒྱུད་དུ་གྲགས། གྲྭ་བ་ཁྲི་ཚོ་བརྒྱད་འདུས་པ་ལ་འཆད་ཉན་མཛད་ནས་ལོ་སུམ་ཅུའི་རིང་དུ་ཤངས་པ་བཀའ་བརྒྱུད་སྲོལ་གཏོད་ནས་དར་བར་མཛད་དོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་དྲི་མེད་ཤེས་རབ་ཀྱི་སྡོང་པོ་རྨེའུ་སྟོན་པ། ཕན་སེམས་ཡལ་ག་གཡོར་པོ་རྒྱ་མོ་ཆེ། སྙིང་རྗེའི་ལོ་འདབ་དངུལ་སྟོན་རིན་དབང་། བྱམས་པའི་མེ་ཏོག་ལ་སྟོད་དཀོན་མཆོག་མཁར། འོད་གསལ་སྙིང་པོ་ཞང་སྒོམ་ཆོས་སེང་། སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པ་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་བཅས་སོ། ཁོང་གི་བསྒྱུར་རྩོམ་ནི་བསྟན་འགྱུར་ལས། 《མཆོག་གི་སྒྲོལ་མ་རལ་གཅིག་མའི་མན་ངག་གི་སྒྲུབ་ཐབས》དང་། 《སྙན་ངག་མཁན་རྟག་པའི་རྡོ་རྗེའི་མན་ངག་བྷ་གུ་པཎྜི་ཏའི་ཁྱད་ཆོས》བཅས་སོ།།

language:
Tibetan