Skip to main content Skip to search
ka ni Sh+ka'i mchod rten
ID:
T222899
  • ཀ་ནི་ཥྐའི་མཆོད་རྟེན (Tibetan, Tibetan script, Original)
    • > ka ni Sh+ka'i mchod rten (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ka ni shké(?) chörten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཆོད་རྟེན་འདི་དེ་སྔོན་དུས་རབས་གཉིས་པའི་ཡས་མས་ཙམ་དུ་ཁ་ཆེ་ཛ་ལན་རྡ་རའི་ཡུལ་གྱི་རྒྱལ་པོ་ཀ་ནི་ཤྐས་བཞེངས་པའི་ནང་པའི་མཆོད་རྟེན་ཞིག་ཡིན། རྒྱ་ནག་གི་མཁས་པ་ཆེན་པོ་ཧ་ཤང་ཧྥ་ཧེན་དང་། ཐང་སེན་ཙང་གཉིས་རྒྱ་གར་དུ་ཕེབསསྐབས་མཆོད་རྟེན་འདི་ད་དུང་མ་ཉམས་པར་ཡོད་པགཟིགས་པ་དང་མཆོད་རྟེན་འདིའི་མཐོ་ཚད་ཁྲུ་བཞི་བརྒྱ་ལྷག་ཙམ(བོད་ཀྱི་མཐོ་ཚད་འདོམ་བརྒྱ་ལྷག་ཙམ་སྟེ། དེང་སང་གི་སྤྱི་ཁྲེར་བརྩིས་ན་ཉིས་བརྒྱ་ལྷག་ཙམ)མཐའ་བསྐོར་དུ་ལེ་དབར་གཅིག་དང་ཕྱེད་ཀ་ཙམ། ཆོས་འཁོར་བརྩེགས་ཉི་ཤུ་རྩ་ལྔ་ཡོད་ཅེས་སོ་སོའི་རྣམ་ཐར་དུ་གསལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེང་སང་མཆོད་རྟེན་དེའི་ཤུལ་ཙམ་ལས་མེད་ཅེས《གཏམ་རྒྱུད་གསེར་ཐང》ལས་གསུངས། ཀ་པི་ལ་བསྟུ། གཤམ་གྱི་ཀ་པི་ལའི་ཡུལ་ཞེས་པ་དེར་གསལ།

language:
Tibetan

2. Thupten Phuntsok Dictionary

མཆོད་རྟེན་འདི་དེ་སྔོན་དུས་རབས་གཉིས་པའི་ཡས་མས་ཙམ་དུ་ཁ་ཆེ་ཛ་ལན་རྡ་རའི་ཡུལ་གྱི་རྒྱལ་པོ་ཀ་ནི་ཥྐས་བཞེངས་པའི་ནང་པའི་མཆོད་རྟེན་ཞིག་ཡིན་ནོ།

language:
Tibetan