- ka ped 'bras bu
- ID:
- T222904
- ཀ་པེད་འབྲས་བུ (Tibetan, Tibetan script, Original)
- > ka ped 'bras bu (Tibetan, Latin script, Transliteration-THL Extended Wylie Transliteration)
- > ka pé drebu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཀ་པེད་ནི་ས་བོན་སྤྱད་ནས་ཞིང་དུ་བཏབས་ནས་ལོ་གཅིག་སྐྱེས་པའི་སྔོ་རིགས་ཡིན་ལ་མཚོ་ངོས་ལས་སྨིད3000མན་གྱི་ཚ་བ་ཆེ་བའི་ས་ཁུལ་ཁག་དང་། རང་ལྗོངས་ཀྱི་རྫ་ཡུལ་དང་། སྤོ་བོ། མེ་ཏོག་སོགས་རོང་ཀླུང་རྣམས་སུ་འདེབས་འཛུགས་བྱེད་ཀྱི་ཡོད། སྡོང་པོའི་མཐོ་ཚད་སྨི་0.3~0.4ཙམ། ཤིང་སོགས་དངོས་པོ་གཞན་ལ་འཁྲི་བ་དང་། ས་ངོས་ནས་ཕན་ཚུན་རིང་པོར་བརྐྱངས་ནས་སྐྱེ་བ། སྡོང་པོ་དང་ཡལ་གའི་ངོས་སུ་འབྱར་བག་ཅན་གྱི་སྤུ་ཆུང་རྩུབ་མོས་ཁྱབ་པ། ཡལ་ཕྲན་ཕྲ་མོ་དུང་འཁྱིལ་དབྱིབས་རང་གི་ཡལ་ག་ལ་འཁྱུད་པའམ། བཅུས་སྒྲིམ་བརྒྱབ་ནས་སྐྱེ་བ། མེ་ཏོག་དཀར་པོ་སྦུབ་ཅན་འདབ་མ་ལྔ་རེ་ཡོད་པ་ཡལ་བའི་རྗེས་སུ་འབྲས་བུ་ལྗང་སྐྱ་འདོགས་པ་སྙི་ལ་འབོལ་ཞིང་། སྨིན་ནས་རིམ་པས་མདོག་སེར་སྐྱ་དང་། ངོ་བོ་ཡང་སྲ་བ་ཤིང་གི་རང་བཞིན་དང་ཕྱོགས་མཐུན་པར་འགྱུར་བ། ཆེ་བ་ལུག་གྲོད་ཙམ་དང་། ཆུང་བ་ཁུ་ཚུར་ཙམ། དབྱིབས་ལྒང་ཕུག་གམ། ཡང་ན་བུམ་དབྱིབས། སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ། ཟླ་༡༠པའི་སྐོར་དང་དགུན་དུས་འབྲས་སྐོགས་ཀྱི་ནང་ནས་བླངས་ནའང་རུང་།
- language:
- Tibetan