- ka ma la rak+Sh-i ta
- ID:
- T222913
- ཀ་མ་ལ་རཀྵྀ་ཏ (Tibetan, Tibetan script, Original)
- > ka ma la rak+Sh-i ta (Tibetan, Latin script, Transliteration-THL Extended Wylie Transliteration)
- > kamala raksh-i(?) ta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་གར་གྱི་ནང་པའི་གནས་གཞི་ཆེ་ཤོས་གྲས་བྲི་ཀ་མ་ལ་ཤཱི་ལའི་མཁན་ཐོག་བཅུ་གཉིས་པ་ཡིན་པ་དང་མདོ་སྔགས་ཀྱི་གཞུང་ཐམས་ཅད་དང་། ལྷག་པརདུ་ཕར་ཕྱིན་དང་། གསང་བ་འདུས་པ། གཤིན་རྗེ་གཤེད་བཅས་ལ་མཁས་པ་ཕུལ་དུ་ཕྱིན་པའི་པཎྜི་ཏ་ཞིག་ཡིན་ཞིང་། ཇོ་བོ་རྗེ་ཨ་ཏི་ཤ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སོགས་པའི་པཎྜི་ཏ་དང་གྲུབ་ཐོབ་མང་པོཞིག་གི་རྩ་བའི་བླ་མ་ཡང་ཡིན། སྐུ་ཚེའི་སྟོད་དུ་དྲག་པོ་མངོན་སྤྱོད་ཀྱི་མཛད་པའི་སྒོ་ནས་མུ་སྟེགས་མང་པོ་བཏུལ། སྐུ་ཚེའི་སྨད་དུ་ན་ལེནྡྲ་དགོན་པ་དང་ཐག་ཉེ་བའི་ནགས་ཁྲོད་ཅིག་ཏུ་སྒྲུབ་པ་གཙོ་བོར་མཛད་ཅིང་བཞུགས། འདིའི་ལོ་རྒྱུས་ཅུང་ཟད་ཅིག《རྒྱ་གར་ཆོས་འབྱུང》ཤོག་གྲངས༣༡༣ནས༣༡༤བར་གསལ་བས་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་གར་གྱི་ནང་པའི་གནས་གཞི་ཆེ་ཤོས་གྲས་བྲི་ཀ་མ་ལ་ཤཱི་ལའི་མཁན་ཐོག་བཅུ་གཉིས་པ་ཡིན་པ་དང་མདོ་སྔགས་ཀྱི་གཞུང་ཐམས་ཅད་དང་། ལྷག་པར་དུ་ཕར་ཕྱིན་དང་། གསང་བ་འདུས་པ། གཤིན་རྗེ་གཤེད་བཅས་ལ་མཁས་པ་ཕུལ་དུ་ཕྱིན་པའི་པཎྜི་ཏ་ཞིག་ཡིན་ནོ། །ཇོ་བོ་རྗེ་ཨ་ཏི་ཤ་དང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སོགས་པའི་བླ་མ་ཡིན།
- language:
- Tibetan