Skip to main content Skip to search
ka lA pa'i grong khyer
ID:
T222932
  • ཀ་ལཱ་པའི་གྲོང་ཁྱེར (Tibetan, Tibetan script, Original)
    • > ka lA pa'i grong khyer (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ka lapé drongkhyer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ངས་རྒྱས་ཆོས་ལུགས་ཀྱི་སྔགསཕྱོགས་དུས་འཁོར་གྱི་རྒྱུད་དང་འགྲེལ་པ་སོགས་ནས་བཤད་པའི་ཡུལ་ཤམ་བྷ་ལ་ཞེས་པའི་རྒྱལ་ས་ཆགས་ཡུལགྲོང་ཁྱེར་གྱི་མིང་ལ་ཀ་ལཱ་པ་ཞེས་འབོད་པ། བོད་སྐད་དུ་ཆ་བསགས་ཀྱི་གྲོང་ཁྱེར་རམ་ཆ་བསགས་ཀྱི་ཕོ་བྲང་ཞེསམིང་གི་རྣམ་གྲངས་ཡིན་པར་བཤད་ཅིང་། གནས་ཡུལཡང་རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་ཡུལ་ལུང་མི་འདྲ་བ་བདུན་བརྒལ་བའི་མཐར་ཡུལ་གྱི་དབྱིབས་ཟླུམ་པོ་མཐའ་གངས་རིས་ཕྱི་ནང་གཉིས་སུ་བསྐོར་བའི་ནང་མའི་དབུས་སུ་ཀ་ལཱ་པའི་གྲོང་ཁྱེར་ཆགས་པ་དང་། ཡུལ་དེར་རྒྱལ་པོ་རིགས་ལྡན་གྱི་མིང་ཅན་ཉི་ཤུ་རྩ་ལྔས་སྲིད་དབང་བཟུང་བ་སོགས་ཐུན་མོང་འཇིག་རྟེན་གྱི་སྣང་ཚོད་ལས་འདས་པའི་བཤད་ཚུལ་མང་དུ་མཆིས་ཤིང་། གཟིགས་པར་འདོད་ན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དྲུག་པདཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི《ཤམ་བྷ་ལའི་རྣམ་བཤད་འཕགས་ཡུལ་གྱི་རྟོགས་བརྗོད་དང་བཅས་པ་ངོམཚར་བྱེ་བའི་འབྱུང་གནས》ཞེས་ཁ་བྱང་དུ་འཁོད་པ་དམ་པ་དེའི་གསུང་འབུམ་པོད[ཉ]པའི་མཇུག་ཏུ་ཡོད།

language:
Tibetan

2. Thupten Phuntsok Dictionary

སྔགས་ཕྱོགས་དུས་འཁོར་གྱི་རྒྱུད་དང་འགྲེལ་བ་སོགས་ནས་བཤད་པའི་ཡུལ་ཤམ་བྷ་ལ་ཞེས་པའི་རྒྱལ་ས་ཆགས་ཡུལ་གྲོང་ཁྱེར་གྱི་མིང་ལ་ཀ་ལཱ་པ་ཞེས་འབོད་པ། བོད་སྐད་དུ་མིང་གི་རྣམ་གྲངས་ཡིན་པར་བཤད་ཅིང་། གནས་ཡུལ་ཡང་རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་མཆིས་སོ། །

language:
Tibetan