- ka lib a lis
- ID:
- T222937
- ཀ་ལིབ་ཨ་ལིས (Tibetan, Tibetan script, Original)
- > ka lib a lis (Tibetan, Latin script, Transliteration-THL Extended Wylie Transliteration)
- > ka lib ali (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བྱི་སི་ལན་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་གི་ཀ་ལིབ་མི་རབས་བཞི་པ་དང་། དབྱི་སི་ལན་སི་ཡེ་ཕྱོགས་ཁག་གི་དབྱི་མ་མུ་མི་རབས་དང་པོ་ཡིན་ལ། (ཕལ་ཆེར་སྤྱིལོ༦༠༠ནས་༦༦༡མོ་ཧན་མུ་ཏེའི་ཕ་རྒྱུད་གཅུང་པོ་ཡིན་པ་དང་། དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་སྔཤོས་གྲས་ཡིན། ཁོང་གིས་ཧུར་བརྩོན་ཆེན་པོས་མོ་ཧན་མུ་ཏེའི་ཆོས་ལུགས་དར་སྤེལ་དང་དམག་འཐབ་ཀྱི་ལས་འགུལ་ནང་ཞུགས། རྗེས་སུ་མོ་ཧན་མུ་ཏེའི་བུ་མོ་ཧྥ་ཏི་མཱ་དངགཉེན་སྒྲིག་བྱས། ཀ་ལིབ་ཨོ་སི་མན་གྲོངས་པའི་རྗེས་སུ་ཨ་ལིས་ཀྱིས་ཀ་ལིབ་ཀྱི་འགན་ཁུར། སྤྱི་ལོ༦༥༦ནས༦༦༡ལོ་ངོ་དྲུག་རིང་དབང་ཆ་བཟུང་། དེའི་རིང་ལ་དབྱི་སི་ལནཆོས་ལུགས་ནང་ཁུལ་དབང་ཆ་འཕྲོག་རེས་ཀྱི་འཐབ་རྩོདཛ་དྲག་ཆེ་ཞིང་། ཕྱོགས་ཁག་མང་པོར་གྱེས་ཏེ་ཧ་ཝ་ལི་ཅི་ཕྱོགས་ཁག་གིས་བསད་པ་རེད།
- language:
- Tibetan
2. Thupten Phuntsok Dictionary
དབྱི་སི་ལན་སི་ཡེ་ཕྱོགས་ཁག་གི་དབྱི་མ་མུ་མི་རབས་དང་པོ་ཡིན་ལ། (ཕལ་ཆེར་སྤྱི་ལོ་༦༠༠ནས་༦༦༡མོ་ཧན་མུ་ཏེའི་ཕ་རྒྱུད་གཅུང་པོ་ཡིན་པ་དང་) དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་སྔ་ཤོས་གྲས་ཡིན། སྤྱི་ལོ་༦༥༦ནས་༦༦༡ལོ་ངོ་དྲུག་རིང་དབང་ཆ་བཟུང་། དེའི་རིང་ལ་དབྱི་སི་ལན་ཆོས་ལུགས་ནང་ཁུལ་དབང་ཆ་འཕྲོག་རེས་ཀྱི་འཐབ་རྩོད་ཛ་དྲག་ཆེ་ཞིང་། ཕྱོགས་ཁག་མང་པོར་གྱེས་ཏེ་ཧ་ཝ་ལི་ཅི་ཕྱོགས་ཁག་གིས་བསད་པ་རེད།
- language:
- Tibetan