- kaM po gnas nang dgon
- ID:
- T222947
- ཀཾ་པོ་གནས་ནང་དགོན (Tibetan, Tibetan script, Original)
- > kaM po gnas nang dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > kampo né nang gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིང་གཞན་གནས་སྒོ་དགོན་པ་ཟེར། རབ་བྱུང་གསུམ་པའི་སྤྱི་ཤིང་སྤྲེལ་སྤྱི་ལོ༡༡༦༤ལོར་ཀརྨ་པ་དུས་གསུམ་མཁྱེན་པས་བཏབས། བསྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་གདན་ས་གོང་འོག་བར་ལས་གདན་ས་འོག་མར་དང་། ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་ཕྲིན་ལས་གནས་ལྔ་ལས་སྐུའི་གནས་མཆོག་ཀཾ་པོ་གངས་ཀྱི་ར་བ་ཞེས་པ་དེ་ཡིན། དེང་དུས་ཀར་བསྟན་ཉམས་ནས་གྲུབ་མཐའ་རིས་མེད་ཀྱི་གནས་མཆོད་ཡུལ་ལྟ་བུ་ཞིག་ཆགས་ཡོད། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཁོངས་སུ་ཡོད།
- language:
- Tibetan