- kam po gnas nang
- ID:
- T222977
- ཀམ་པོ་གནས་ནང (Tibetan, Tibetan script, Original)
- > kam po gnas nang (Tibetan, Latin script, Transliteration-THL Extended Wylie Transliteration)
- > kampo né nang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་ཆའི་མིང་སྟེ་སྔར་ཀརྨ་པ་དུས་གསུམ་མཁྱེན་པ་སོགས་སྐྱེས་ཆེན་དམ་པ་མང་པོས་བསྙེན་སྒྲུབ་གནང་སྟེ་རྒྱུན་རིང་བཞུགས་པའི་གནས་ཤིག་དང་། གནས་གཞིའི་ལྟེ་བར་ཕ་བོང་ཆེན་པོ་ཡི་གེ་ཀ་རང་བྱོན་ཅན་ཡོད་པ། འཁོར་ལོ་བདེ་མཆོག་གི་གནས་སུ་གྲགས་པའི་གངས་རི་ཆེ་བ་ཞིག་དང་འཁོར་གྱི་ལྷ་རྣམས་གངས་རི་ཆུང་ངུ་མང་པོ་ཕྲེང་བསྒྲིགས་ཡོད་པའི་གནས་དེའི་མདར་གནས་སྒོ་གྲྭ་ཚང་ཞེས་པའི་དགོན་པ་དགེ་འདུན་ལྔ་བཅུ་སྐོར་ཡོད། དགོན་པ་ནས་གནས་ཀྱི་ཕུར་འགྲོ་བའི་ལམ་ཞོར་ལྷ་ཁངཞིག་ཏུ་གླིང་གེ་སར་གྱི་དཔའ་བཏུལ་མང་པོའི་གོ་ཁྲབ་དང་མདའ་གྲི་མདུང་གསུམ་སོགས་མཚོན་ཆ། རྒྱ་ཚ་ཞལ་དཀར་གྱི་གྲི་ཡ་ཟི་སྐར་ཕྲན་སོགས་མཇལ་རྒྱུ་ཡོད་ཚུལ་བདག་གི་དྲིན་ཅན་རྩ་བའི་བླ་མ་ཡོངས་འཛིན་རྡོ་རྗེ་འཆང་གར་གྱི་དབང་པོའི་རང་རྣམ་ནང་གསལ།
- language:
- Tibetan