- kar+Na'i yul
- ID:
- T222990
- ཀརྞའི་ཡུལ (Tibetan, Tibetan script, Original)
- > kar+Na'i yul (Tibetan, Latin script, Transliteration-THL Extended Wylie Transliteration)
- > karné(?) yul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ནི་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་པ་དང་། རྒྱ་གར་ཤར་ཕྱོགས་པཱ་ལའི་རྒྱལ་རབསཉམས་རྒུད་དུ་སོང་སྟེ་རྒྱལ་པོ་ནེརྱ་པཱ་ལས་སྲིད་དབང་བཟུང་སྐབས་ནུབ་ཕྱོགས་ཀརྞའི་རྒྱལ་པོས་མགྷ་རྡར་དམག་དྲངས་ཏེ་གྲོང་ཁྱེར་བཟུང་མ་ཐུབ་པའི་དབང་གིས་དམག་དཔུང་ནང་པའི་གནས་གཞི་ཡོད་སར་དྲངས་ཏེ་ནང་པའི་ལྷ་ཁང་དང་དགོན་པར་གནོད་པ་ཆེན་པོ་བྱས་པ་དང་། རྗེས༌སུ་དམག་ཕམ་ནས་ཀརྞའི་ཕྱོགས་ཀྱི་མི་མང་པོ་གསོད་པར་ཉེ་སྐབས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཆུ་བོ་གངྒ་ལ་ཐེངསམང་པོ་ཕར་བརྒལ་ཚུར་བརྒལ་མཛད་ནས་བར་འདུམ་གནང་བའི་ལོ་རྒྱུས་རྣམ་ཐར་ནང་གསལ་བ་དེ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་གར་ཤར་ཕྱོགས་པཱ་ལའི་རྒྱལ་རབས་ཉམས་རྒུད་དུ་སོང་སྟེ་རྒྱལ་པོ་ནེརྱ་པཱ་ལས་སྲིད་དབང་བཟུང་སྐབས་ནུབ་ཕྱོགས་ཀརྞའི་རྒྱལ་པོས་མགྷ་རྡར་དམག་དྲངས་ཏེ། གྲོང་ཁྱེར་བཟུང་མ་ཐུབ་པའི་དབང་གིས་དམག་དཔུང་ནང་པའི་གནས་གཞི་ཡོད་སར་དྲངས་ཏེ་ལྷ་ཁང་དང་དགོན་པར་གནོད་པ་ཆེན་པོ་བྱས་པའོ། །
- language:
- Tibetan