- karma pa sku phreng bcu pa chos dbyings rdo rje
- ID:
- T223017
- ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ (Tibetan, Tibetan script, Original)
- > karma pa sku phreng bcu pa chos dbyings rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > karma pa ku treng chupa chöying dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་པའི་ཤིང་འབྲུག་སྤྱི་ལོ་༡༦༠༤ལོར་མཁོ་ཁམས་མགོ་ལོག་ཡུལ་གྱི་ཀི་ཟི་ཐང་དུ་སྐུ་འཁྲུངས། གར་དབང་ཆོས་ཀྱི་དབང་ཕྱུག་གིས་རྗེ་དགུ་པས་ཡང་སྲིད་ཁམས་ཕྱོགས་སུ་ཕེབས་པའི་ཐུགས་འདུན་ཡོད་ཚུལ་གྱི་ཞལ་ཆེམས་སྩལ་བ་ལ་གཞིར་མཛད་དེ་ཀརྨ་པའི་ཡང་སྲིད་དུ་ངོས་འཛིན་གནང་། དཔའ་བོ་གཙུག་ལག་རྒྱ་མཚོས་གཙུག་ཕུད་བཞེས། རབ་བྱུང་བཅུ་གཅིག་པའི་ཤིང་སྟག་སྤྱི་ལོ་༡༦༧༤ལོར་དགུང་ལོ་དོན་གཅིག་པ་ལ་སྐུ་གཤེགས།
- language:
- Tibetan