Skip to main content Skip to search
karma pa sku phreng bco lnga pa mkha' khyab rdo rje
ID:
T223020
  • ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ (Tibetan, Tibetan script, Original)
    • > karma pa sku phreng bco lnga pa mkha' khyab rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma pa ku treng chongapa khakhyab dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་སྤྱི་ལོ་༡༨༧༡ལོ་གཙང་མྱང་སྟོད་ཤེལ་དཀར་རྒྱལ་རྩེར་སྐུ་འཁྲུངས། དགུང་ལོ་དྲུག་པའི་མེ་བྱི་ལོར་འབྲུག་ཆེན་སྐུ་ཕྲེང་དགུ་པ་མི་ཕམ་ཆོས་ཀྱི་རྒྱ་མཚོ། མཚན་གཞན་འབྲུག་ཆེན། མི་འགྱུར་དབང་གི་རྒྱལ་པོའི་དགོངས་པར་དཔལ་ལྡན་རང་བྱུང་མའི་མེ་ལོང་ལས་གསལ་བ་ལྟར་ཀརྨ་པའི་ཡང་སྲིད་དུ་ངོས་འཛིན། མཁྱེན་ཀོང་མཆོག་གསུམ་གྱིས་མངའ་གསོལ་གཟེངས་བསྟོད་དང་། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས་དོན་བརྒྱུད་ཀྱི་གདམས་ངག་མ་ལུས་པར་གསན། རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་སྤྱི་ལོ་༡༩༢༢ལོར་དགུང་ལོ་རེ་གཉིས་པ་སྐུའི་ཡང་སྲིད་མདོ་ཁམས་འདན་ཁོག་ཏུ་ཨ་སྡུག་ཚང་གི་ཁྱིམ་དུ་འཁྲུངས་པའི་ལུང་བསྟན་ཁ་གསལ་ཅན་གནང་སྟེ་སྐུ་གཤེགས།

language:
Tibetan