Skip to main content Skip to search
karma pa sku phreng bdun pa chos grags rgya mtsho
ID:
T223024
  • ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ (Tibetan, Tibetan script, Original)
    • > karma pa sku phreng bdun pa chos grags rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma pa ku treng dünpa chödrak gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བརྒྱད་པའི་ཤིང་ཁྱི་ (༡༤༥༤) ལོར་རྔོད་ཀྱི་སྤྱི་མདའ་ཞེས་བྱ་བར་ཡབ་སྔགས་འཆང་གྲགས་པ་དཔལ་གྲུབ་དང་། ཡུམ་ཇོ་དར་བཟའ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་ཚབ་དཔལ་འབྱོར་དོན་གྲུབ་དང་། བན་རྒན་འཇམ་དཔལ་བཟང་པོ་གཉིས་ཀྱིས་སྐུ་གོང་མའི་ཞལ་ཆེམས་བཀའ་རྒྱ་ལྟར་ཀརྨ་པ་མཐོང་བ་དོན་ལྡན་གྱི་ཡང་སྲིད་དུ་ངོས་འཛིན། དོན་བརྒྱུད་ཀྱི་གདམས་ངག་མ་ལུས་པ་གནང་། སྔ་ལོ་ནས་ཁམས་སུ་དྲུང་སི་ཏུ་པ་ལ་ངོམ་གྱི་གནས་འདི་འདྲ་བ་ཞིག་ལ་སྤྲུལ་སྐུ་འབྱོར་པར་ལུང་གི་ཆབ་ཤོག་གནང་ཟིན་ནའང་། རབ་བྱུང་བརྒྱད་པའི་མེ་སྟག་སྤྱི་ལོ༡༥༠༦ལོར་དགུང་ལོ་ང་གསུམ་པ་ཟླ་བ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོ་གསོལ་ཅོག་གི་ཞལ་ཆེམས་གསལ་ལ་མ་གསལ་བ་ཞིག་འཇོག་གནང་སྟེ་ཐོ་རེངས་སུསྐུ་གཤེགས།

language:
Tibetan