Skip to main content Skip to search
karma pa sku phreng bzhi pa rol pa'i rdo rje
ID:
T223025
  • ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ (Tibetan, Tibetan script, Original)
    • > karma pa sku phreng bzhi pa rol pa'i rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma pa ku treng shyipa rolpé dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་༡༢༤༠ལོར་ཀོང་ཡུལ་རྔོད་ཨ་ལ་རོང་ཞེས་དེང་དུས་དཔལ་འབར་རྫོང་ཁོངས་སུ་སྐུ་འཁྲུངས། སྔོན་ཀརྨ་པ་སྐུ་ཕྲེང་གསུམ་པ་སྐུ་གཤེགས་ཁར་སློབ་དཔོན་ཆེན་པོ་གུ་ཡི་གུང་པས་རྗེ་ཉིད་ཞིང་གང་དུ་འབྱོན་ཞུས་པར། ཁོ་བོ་ཤར་ཕྱོགས་ཀོང་པོའི་རྒྱལ་ཁམས་སུ་འོང་བས་ཁྱོད་ཀྱང་དེར་ཤོག་གསུངས་པ་བཞིན། དགུང་ལོ་གསུང་པར་ཀོང་ལུང་རལ་གསུམ་གྱི་ཡ་གྱལ་ཉང་པོར་ཕེབས་མ་ཐག་ཡུམ་ལ་ང་ཀརྨ་པ་ཡིན་ཚུལ་གསུང་པ་དང་། མཛད་པ་ངོ་མཚར་ཅན་དུ་བསྟན་པ་སོགས་ཀྱི་གཏམ་ཐོས་པ་དང་། མཚུར་ཕུ་ནས་སློབ་དཔོན་གུ་ཡི་གུང་པས་རྗེ་གོང་མའི་གསོལ་ཇ་བ་ཤཱཀ་སེང་མངགས་ཏེ་ཉེ་གནས་བྱས། མི་རིང་བ་སློབ་དཔོན་གུ་ཡི་གུང་པ་ཉིད་ཕེབས་ནས་ཀརྨ་པ་རང་བྱུང་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བཅུ་གསུམ་པ་མཚུར་ཕུར་གདན་སར་འཁོད། དགེ་འདུན་སྒང་པའི་མཁན་ཆེན་དོན་གྲུབ་དཔལ་སོགས་ལས་རབ་བྱུང་ཞུས། མཚན་ཆོས་ཀྱི་གྲགས་པ་གསོལ། རྒྱལ་བ་གཡུང་སྟོན་པ་ལས་དོན་བརྒྱུད་ཀྱི་ཆོས་མ་ལུས་པར་གསན། རབ་བྱུང་དྲུག་པའི་ཆུ་ཕག (༡༣༨༣) ལོར་ཀོང་པོ་ཞོ་ཁར་དགོངས་པ་གཞན་དོན་དུ་གཤེགས།

language:
Tibetan