Skip to main content Skip to search
karma pa sku phreng gsum pa rang byung rdo rje
ID:
T223026
  • ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ (Tibetan, Tibetan script, Original)
    • > karma pa sku phreng gsum pa rang byung rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma pa ku treng sumpa rangjung dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་༡༢༨༤ལོར་ལ་སྟོད་མང་ཡུལ་གུང་ཐང་གི་རྩ་ཕུ་གྲོང་དུ་སྐུ་འཁྲུངས། དགུང་ལོ་གསུམ་ལོན་པའི་ཚེ་ཕྱིང་པ་ནག་པོས་ཞྭ་འདི་བ་དགོས་གསུངས་པ་བཞིན་བཟོས་པའི་ཞྭ་ནག་བནབས། རྡོའི་ཁྲི་སྟེང་དུ་བཞུགས་ནས་གྲོང་གི་བྱིས་པ་གཞན་རྣམས་ལ་ཆོས་གསུང་ཚུལ་གྱིས་རྩེད་མཛད་པ་གང་སྐུ་གསུམ་ངོ་སྤྲོད་ཀྱི་ཚིག་ཅི་རིགས་གསུང་པར་མཛད། དགོང་ལོ་ལྔ་ལོན་པའི་སྐབས་སུ་ཡབ་ཡུམ་གཉིས་ཀྱིས་རྫ་མ་བཙོང་ཞོར་དུ་མཚུར་ཕུར་འབྱོར། གྲུབ་ཆེན་ཨོ་རྒྱན་པས་བྱིས་པ་ངོ་མཚར་ཅན་དེ་ལ་རྟེན་འབྲེལ་གྱིས་བསུ་བ་དང། ཁྲི་ཐོག་ཏུ་གདན་དྲངས་པས་ཤད་ཀྱིས་བྱོན་ནས་བཞུགས། ཁྱོད་སུ་ཡིན་དྲིས་པས། ང་ཀརྨ་པ་ཡིན་གསུངས་པ་སོགས་སྔར་བླ་མའི་ལུང་དང་། བྱིས་པའི་ངོ་མཚར་གྱི་རྟགས་སོགས་ལ་བརྟེན་ནས་གྲུབ་ཆེན་ཨུ་རྒྱན་པས་བྱིས་པ་དེ་རང་གི་བླ་མའི་ཡང་སྲིད་ཡིན་པར་ངོས་འཛིན་ཅིང་མཚན་རང་བྱུང་རྡོ་རྗེ་ཞེས་གསོལ། འདི་དོད་དུ་རང་གི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་ཐོག་མར་ཡིན། འདིའི་སྐུ་གོང་མ་བླ་མ་ཀརྨ་པཀྵྀ་དང་། ཀརྨ་པཀྵྀ་ནི་མཚུར་ཕུ་དགོན་པ་ཐོག་མར་འདེབས་མཁན་ཀརྨ་པ་དུས་གསུམ་མཁྱེན་པའི་རྣམ་འཕྲུལ་ཡིན་པར་ངོས་འཛིན་ཅིང་རང་བྱུང་རྡོ་རྗེ་ཀརྨ་པའི་སྐུ་ཕྲེང་གསུམ་པར་ངོས་འཛིན། དེ་ནས་བཟུང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་རྣམས་བྱུང་ཡོད། དེ་གྲུབ་ཆེན་ཨོ་རྒྱན་པའི་མདུན་ནས་བསློབ་གཉེར་གཙོ་བོར་གནང་བར་གཞིར་བཅས། བླ་མ་ཤེས་རབ་རྒྱལ་མཚན། དགེ་བའི་བཤེས་རྒྱལ་བ་པ། གཉན་རས་དགེ་འདུན་འབུམ། སློབ་དཔོན་དགེ་འདུན་རིན་ཆེན། གསང་ཕུ་གླིང་སྨད་ཀྱི་གདན་ས་པ་ཤཱཀྱ་གཞོན་ནུ་སོགས་ལས་བདེ་དགྱེས་ལ་སོགས་སྔགས་གསར་མའི་རྒྱུད་སྡེ་རྣམས་དང་། རྙིང་རྒྱུད་སྒྲུབ་ཐབས་དང་བཅས་པ། མདོ་ལུགས་ཀྱི་དབུ་ཕར་ལ་སོགས་གཞུང་ཀ་པོད་ལྔ་ལ་མཁས་པར་སྦྱངས་པས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་མཚན་སྙན་རྒྱས། རབ་བྱུང་དྲུག་པའི་ཆུ་སྤྲེལ་སྤྱི་ལོ་༡༣༣༢ལོར་ཧོར་རྒྱལ་ཐོ་གན་ཐེར་མུས་གདན་ཞུས་ལྟར་ཧོར་ཡུལ་དུ་ཕེབས། བོད་དང་རྒྱ་ཡུལ་གྱི་ལམ་བར་འགྲོ་དོན་རྒྱ་ཆེན་གནང་། ཤིང་ཁྱི་ལོར་སླར་བོད་དུ་ཕེབས། མེ་བྱི་ལོ་སླར་ཡང་ཧོར་ཡུལ་ཐེངས་གཉིས་པར་ཕེབས། རབ་བྱུང་དྲུག་པའི་ས་ཡོས་སྤྱི་ལོ་༡༣༣༩ལོར་དགུང་ལོ་ང་དྲུག་པ་སྐུའི་ཡང་སྲིད་ཀོང་པོ་རུ་འབྱུང་བ་ལུང་བསྟན་ཞིང་རྒྱ་ནག་པེ་ཅིང་དུ་སྐུ་གཤེགས།

language:
Tibetan