- karma 'phrin las phyogs las rnam rgyal
- ID:
- T223030
- ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ (Tibetan, Tibetan script, Original)
- > karma 'phrin las phyogs las rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
- > karma trinlé chok lé namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡོངས་གྲགས་སུ་དཔལ་སྒང་ལོ་ཙཱ་བའམ་མཚན་གཞན་ཀརྨ་འཕྲིན་ལས་གཉིས་པ་ཞུ་བ་དེ་ཡིན། རབ་བྱུང་བརྒྱད་པའི་མེ་བྱི(༡༤༥༦)ལོ་ནས་རབ་བྱུང་དགུ་པའི་ས་ཕག(༡༥༣༩)ལོ་བར་དགུང་ལོ་གྱ་བཞི་བཞུགས། མཚན་དངོས་ལ་ངག་དབང་ཆོས་རྒྱལ་ཟེར། བཟོ་རིག་པ་དང་། སྒྲ་རིག། སྙན་ངག། སྡེབ་སྦྱོར་སོགས་ལ་མཁས་པའི་ཕུལ་དུ་ཕྱིན་པ་ཞིག་ཡིན་སྟབས་སློབ་མ་དང་སློབ་རྒྱུན་ཧ་ཅང་མང་ཞིང་། སི་ཏུ་ཆོས་ཀྱི་གོ་ཆ་དང་། རྒྱལ་ཚབ་གྲགས་པ་དོན་གྲུབ་གཉིས་ཀྱི་ཡོངས་འཛིན་མཛད། དགུང་ལོ་ཞེ་གཉིས་པ་རབ་བྱུང་བརྒྱད་པའི་མེ་སྦྲུལ(༡༤༩༧)ལོར《དག་ཡིག་ངག་སྒྲོན》བརྩམས། གཞན《ཀརྨ་ཤིང་རྟ》དང《རྡོ་རྗེ་ཉི་མའི་སྣང་བ》སོགས་བརྩམས་ནས་ཀརྨ་པ་སྐུ་ཕྲེང་བརྒྱད་པའི་དགོངས་དོན་དབུ་མ་ཐལ་འགྱུར་དུ་འགྲེལ་བར་མཛད། གཞན་ཡང《མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ》《སྙན་ངག་གི་འགྲེལ་པ་དང་དཔེར་བརྗོད་རབ་གསལ་བཀླགས་པས་ཀུན་ཤེས》ལེ་ཚན་གསུམ། 《ཆབ་ཤོག་སྙན་ངག་གི་སྐོར》《དབང་གི་རྣམ་བཤད་ཆེན་མོ》《ཀྱེེ་རྡོ་རྗེའི་རྒྱུད་འགྲེལ》བཅས་ཡོད། རྣམ་ཐར་ཞིབ་པར་མི་བསྐྱོད་བཟང་པོས་མཛད་པའི《གྲུབ་མཆོག་ཀརྨ་འཕྲིན་ལས་ཀྱི་རྣམ་ཐར་ལེགས་མཛད་རྒྱ་མཚོའི་སྒྲ་དབྱངས》བྲིས་མ་ཤོག་གྲངས་༢༠ཡོད་པ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
དཔལ་སྒང་ལོ་ཙཱ་བའམ་མཚན་གཞན་ཀརྨ་འཕྲིན་ལས་གཉིས་པ་ཞུ་བ་དེ་ཡིན། རབ་བྱུང་བརྒྱད་པའི་མེ་བྱི (༡༤༥༦) ལོ་ནས་རབ་བྱུང་དགུ་པའི་ས་ཕག (༡༥༣༩) ལོ་བར་དགུང་ལོ་གྱ་བཞི་བཞུགས། མཚན་དངོས་ལ་ངག་དབང་ཆོས་རྒྱལ་ཟེར། དགུང་ལོ་ཞེ་གཉིས་པ་རབ་བྱུང་བརྒྱད་པའི་མེ་སྦྲུལ (༡༤༩༧) ལོར་དག་ཡིག་ངག་སྒྲོན་བརྩམས་པ་བཅུ་ཕྲག་རིག་གནས་ལ་མཁས་པ་ཆེན་པོའོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་དཔལ་ཁང་ངག་དབང་ཆོས་ཀྱི་རྒྱ་མཚོ་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ། །
- language:
- Tibetan