- karma blo gros chos kyi seng ge
- ID:
- T223032
- ཀརྨ་བློ་གྲོས་ཆོས་ཀྱི་སེང་གེ (Tibetan, Tibetan script, Original)
- > karma blo gros chos kyi seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > karma lodrö chö kyi sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྤྱི་ལོ་༡༩༥༤ལོར་ཡབ་ས་འདུ་ཚེ་སྟོབས་དང་། ཡུམ་ང་ཕོད་པདྨ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་དབུས་ལྷ་སར་སྐུ་འཁྲུངས། རྒྱལ་བ་ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་ཀོང་སྤྲུལ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། སྤྱི་ལོ་༡༩༥༩ལོར་རྒྱ་གར་དུ་ཕེབས། སྤྱི་ལོ་༡༩༦༠ལོར་རྒྱ་ལབ་ཀརྨ་པའི་གདན་ས་གཉིས་པ་ལྟ་བུ་འབྲས་ལྗོངས་རུམ་བཏེགས་དགོན་དུ་གདན་དྲངས། དེ་ནས་བཟུང་རྒྱལ་བ་ཀརྨ་པ་སྐུ་མ་གཤེགས་ཀྱི་བར་དུ་སྐུ་གམ་དུ་འབྲལ་མེད་དུ་བཞུགས། རྒྱལ་བ་ཀརྨ་པའི་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་གཙོ་བོ་དང་། བླ་མ་ཀ་ལུ་རིན་པོ་ཆེ། ཁྲ་འགུ་སྤྲུལ་སྐུ་སོགས་ཀྱི་མདུན་ནས་དཔལ་རྒྱལ་བ་བཀའ་བརྒྱུད་པའི་ཆོས་སྐོར་ཡོངས་རྫོགས་དང་། མདོ་སྔགས་རིག་གནས་དང་བཅས་པའི་དབང་ལུང་ཁྲིད་གསུམ་དང་། གཞུང་བཤད་ཡོངས་སུ་རྫོགས་པར་གསན་པས་སྐུ་ན་གཞོན་དུས་མཁས་བཙུན་གྱི་མཚན་སྙན་རྒྱས། རྒྱལ་བ་ཀརྨ་པའི་ཐུགས་སྲས་བཞིའི་གཙོ་བོ་དང་། ཨ་རི་དང་། ཡོ་རོབ་སོགས་ནུབ་གླིང་ཡུལ་གྲུ་མང་པོའི་དབུ་བླར་གྱུར། རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་སྤྱི་ལོ་༡༩༩༢ལོར་བལ་ཡུལ་དུ་ཕེབས་འཁོར་བརྡབ་སྐྱོན་གྱིས་སྐུ་གཤེགས།
- language:
- Tibetan