Skip to main content Skip to search
karma rin chen
ID:
T223033
  • ཀརྨ་རིན་ཆེན (Tibetan, Tibetan script, Original)
    • > karma rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མཚན་གཞན་ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་རབ་རྒྱས་ཟེར། རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་སྤྱི་ལོ་༡༧༦༠ལོར་སྐུ་འཁྲུངས། ཀརྨ་པ་བདུད་འདུལ་རྡོ་རྗེས་དབོན་པོ་ཀརྨ་ངེས་ལེགས་ཀྱི་ཡང་སྲིད་ངོས་འཛིན། ཀརྨ་བདུད་འདུལ་རྡོ་རྗེ་དང་། སི་ཏུ་ཆོས་ཀྱི་འབྱུང་གནས། གྲུབ་ཐོབ་རྟ་མགྲིན་མགོན་པོ་སོགས་བསྟེན་ནས་སློབ་གཉེར་གནང་། ཁྱད་པར་དུ་གསོ་བ་རིག་པའི་གཞུང་དང་ལག་ལེན་གཉིས་ཀ་ལ་མཁས་པའི་མཚན་སྙན་རྒྱས། རབ་བྱུང་བཅུ་གསུམ་པའི་ས་བྱ་སྤྱི་ལོ་༡༧༨༩ལོར་སྨན་བསྡུས་འཆི་མེད་ནོར་ཕྲེང་མ་བུ་བཅས་བརྩམས། འདས་ལོ་མི་གསལ་ཡང་སྐུ་ཚེ་རིང་ཙམ་བཞུགས་པར་གྲགས། དེའི་ཡང་སྲིད་ད་ལྟའི་ཚབ་ཚ་དགོན་པའི་སྐུ་སྐྱེ་སྐུ་ཕྲེང་རིམ་བྱོན་འདི་རྣམས་ཡིན་ནོ། {MT1"HZ} {JZ (}ཀི {JZ) }

language:
Tibetan