- karma shag
- ID:
- T223035
- ཀརྨ་ཤག (Tibetan, Tibetan script, Original)
- > karma shag (Tibetan, Latin script, Transliteration-THL Extended Wylie Transliteration)
- > karma shak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་སའི་ཤར་ངོས་ཀྱི་ཁང་མིང་ཞིག་སྟེ་སྔོན་དུས་དེ༌གར་ཀརྨ་པ་སྐུ་ཕྲེང་ཁ་ཤས་བཞུགས་པ་ཡིན་སྟབས་ཀརྨ་ཤག་ཅེས་མིང་ཐོགས། ཕྱིས་དུས་འགྱུར་ཞིག་གིས་རྐྱེན༌པས་དེའི་བདག་དབང་སེ་ར་བླ་སྤྱིར་ཡོད། དེ་གར་ཆོས་སྐྱོང་བྱ་ཁྲི་སྤྱན་གཅིག་ཁོག་ཞུགས་བྱེད་སའི་ལྕོག་འདུ་ཁང༌དང་བཅས་ཡོད་པ་དང་། ཁང་པའི་མིང་ཆོས་སྐྱོང་ལ་ཐོགས་ནས་ཀརྨ་ཤག་ཆོས་སྐྱོང་ཟེར། དམངས་ཁྲོད་བོད་སྲོལ་དུ་ཀརྨ་ཤག་ཆོས་སྐྱོང་དེ་ལྷ་སའི་གཙུག་ལག་ཁང་གི་གནས་སྲུང་དང་། ཡུལ་གྱི་ས་བདག་རྡོ་བདག་ཡིན་པས་ལྷ། ས་བ་ཞིག་ཡིན་ཕྱིན་ལྷ་དེ་གསོལ་དགོས་པའི་ཤོད་སྲོལ་ཡོད། འོན་ཀྱང་ལྷ་དེའི་གསོལ་མཆོད་བྱེད་མཁན་གཙོ་བོ་རགས་རྒྱབ་པ་དང་པིང་གཏོང་བ་སོགས་ཡིན་སྟབས་ཤོད་རྒྱུན་དུ༌ཀརྨ་ཤག་སྤྲང་པོའི་ལྷ་ཞེས་ཀྱང་ཟེར། སྔོན་དུས་སྐུ་རྟེན་ལ། བོད་ས་གནས་སྲིད་གཞུང་གི་གོ་གནས་མེད་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ནང་ནས་ཀརྨ་ཤག༌ཆོས་རྗེར་རིམ་པ་དྲུག་པའི་ལས་ཚན་གྱི་གོ་གནས་བྱུང་།
- language:
- Tibetan
2. Thupten Phuntsok Dictionary
འདེབས་མཁན་དང་བཏབས་དུས་མ་གསལ། འདི་སྲུང་མ་ཁང་ཞིག བདག་ཐོབ་སེ་ར་བླ་སྤྱིའི་ཁོངས་གཏོགས་ཡིན། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ཡོད།
- language:
- Tibetan