- kasmi ra rgyal rabs
- ID:
- T223039
- ཀསྨི་ར་རྒྱལ་རབས (Tibetan, Tibetan script, Original)
- > kasmi ra rgyal rabs (Tibetan, Latin script, Transliteration-THL Extended Wylie Transliteration)
- > kami(?) ra gyalrab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《གཏམ་རྒྱུད་གསེར་ཐང》ལྕགས་དཔར་མའི་དེབ་དང་པོའི་ཤོག་གྲངས༣༥༢ལས། ཁ་ཆེའི་ཡུལ་གྱི་རྒྱལ་པོ་འགའ་ཞིག་གི་ལོ་རྒྱུས་གསལ་བ་དེ་མ་གཏོགས་ཞིབ་ཆ་ད་ཕན་མ་མཐོང་ཞིང་། གོང་གསལ་གསུང་རྩོམ་དེའི་ཤོག་གྲངས༡༨༦ལས《ཀསྨི་རའི་རྒྱལ་རབས་ར་ཛ་ཏངྒི་ནི》བྱ་བ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་བཅད་དུ་བྱས་པ་ཀླ་ཀློ་མ་སླེབས་ཀྱི་བར་ཁ་ཆེའི་ཡུལ་དུ་གང་བྱུང་བའི་གནས་ཚུལ་བྲིས་པ་འདི་གཅིག་པུ་མ་གཏོགས་ཡེ་ནས་མ་བྱུང་བ་ཡིན་ཞེས་གསུངས་འདུག་པ་འདིར་བརྟགས་ན། གོང་གསལ་གྱི་རྒྱལ་རབས་དེ་མཁས་དབང་དམ་པས་ཆ་ཚང་གཟིགས་མྱོང་ཡོད་ཚོད་འདུག་ཀྱང་། ཐུགས་དགྱེས་པའི་དཔྱད་གཞིར་འོས་པ་ཞིག་མ་བྱུང་བ་འདྲ་སྙམ།
- language:
- Tibetan
2. Thupten Phuntsok Dictionary
འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་ཐང》ལས། ཁ་ཆེའི་ཡུལ་གྱི་རྒྱལ་པོ་འགའ་ཞིག་གི་ལོ་རྒྱུས་གསལ་བ་དེ་མ་གཏོགས་ཞིབ་ཆ་ད་ཕན་མ་མཐོང་ཞིང་། གོང་གསལ་གསུང་རྩོམ་དེའི་ཤོག་གྲངས༡༨༦ལསཀསྨི་རའི་རྒྱལ་རབས་ར་ཛ་ཏངྒི་ནི》བྱ་བ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་བཅད་དུ་བྱས་པ་ཀླ་ཀློ་མ་སླེབས་ཀྱི་བར་ཁ་ཆེའི་ཡུལ་དུ་གང་བྱུང་བའི་གནས་ཚུལ་བྲིས་པ་འདི་གཅིག་པུ་མ་གཏོགས་ཡེ་ནས་མ་བྱུང་བ་ཡིན་ཞེས་གསུངས།
- language:
- Tibetan