- kA ri ka lnga bcu
- ID:
- T223044
- ཀཱ་རི་ཀ་ལྔ་བཅུ (Tibetan, Tibetan script, Original)
- > kA ri ka lnga bcu (Tibetan, Latin script, Transliteration-THL Extended Wylie Transliteration)
- > ka ri ka ngabchu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བསྟན་འགྱུར་ནང་ཡོད་པའི་འདུལ་བའི་གཞུང་ཞིག་གི་མིང་སྟེ། མཛད་པ་པོ་ནི་འགའ་ཞིག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད་ཅིང་། མཁས་པ་མང་པོས་གཞུང་འདི་ཁ་ཆེའི་སློབ་དཔོན་དགེ་འདུན་བཟང་པོས་མཛད་པར་གསུངས། ཁ་བྱང་དུ《འཕགས་། པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག། ལེའུར་བྱས་པ་ལྔ་བཅུ་པ》ཞེས་འཁོད་ཅིང་། ནང་དོན་ནི། དགེ་ཚུལ་གྱི་སྡོམ་པ་བླངས་ཟིན་པ་རྣམས་ཀྱི་སྤང་བྱ་རྩ་བ། བཞི་དང་། བླང་འདས་སོ་དྲུག་གི་ཉེས་པ་དང་ཕྱོགས་། མཐུན་གྱི་ཉེས་པ་སོ་སོའི་ངོ་སྤྲོད་བཅས་ཞིབ་པར་གསུངས། ཡོད། བསྟན་པ་སྔ་དར་གྱི་སྐབས་རྒྱ་གར་གྱི་མཁན་པོ་མུ། ནེ་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེས་། བསྒྱུར་བ་ཞིག་ཡིན། སྡེ་དགེ་བསྟན་འགྱུར་པོད[སུ]པའི་མགོར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
བསྟན་འགྱུར་ནང་ཡོད་པའི་འདུལ་བའི་གཞུང་གི་མིང་སྟེ། མཛད་པ་པོ་ནི་འགའ་ཞིག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད་ཅིང་། མཁས་པ་མང་པོས་གཞུང་འདི་ཁ་ཆེའི་སློབ་དཔོན་དགེ་འདུན་བཟང་པོས་མཛད་པར་གསུངས་སོ། །
- language:
- Tibetan