Skip to main content Skip to search
kirti sku phreng bzhi pa blo bzang 'jam dbyangs
ID:
T223063
  • ཀིརྟི་སྐུ་ཕྲེང་བཞི་པ་བློ་བཟང་འཇམ་དབྱངས (Tibetan, Tibetan script, Original)
    • > kirti sku phreng bzhi pa blo bzang 'jam dbyangs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kiti(?) ku treng shyipa lo zang jamyang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་པཱ་ལ་ཞེས་གྲགས་པའི་ས་གནས་སུ་ཡབ་འབུམ་ཐར་དང་ཡུམ་མེ་འགྱུ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུགཅིག་པའི་མེ་སྤྲེལ(༡༦༥༦)ལོར་འཁྲུངས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འདིའི་དགུང་རྙིང་མེ་སྦྲུལ་ཡིན་པར་བཤད་པ་ནོར)དགུང་ལོ་བཅུ་དྲུགནས་འདོན་ཆོས་སྤྱོད་དང་རིག་གནས་སོགས་ལ་སྦྱངས་པ་མཛད། དགུང་ལོ་ཉེར་དྲུག་པ་ལ་དབུས་སུ་བྱོན་ནསའབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ཏེ་རྒྱལ་དབང་ལྔ་པ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ཞིང་དགེསློང་གི་སྡོམ་པ་བཞེས། རབ་བྱུང་བཅུ་གཉིས་པའི་ལྕགས་རྟ(༡༦༩༠)ལོར་གཞིས་དགོན་དུ་བླ་བྲང་ཐོག་མར་བརྩིགས། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཉིསཔའི་ས་བྱི(༡༧༠༨)ལོར་སྐུ་གཤེགས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་དགུང་ལོ་དྲུག་ཅུརེ་གཅིག་པ(༡༦༧༩)ལོར་གཤེགས་ཞེས་གསལ། ལོ་རྒྱུས་གནད་བསྡུས《མདོ་སྨད་ཆོས་འབྱུང》ལྕགས་དཔར་མའིཤོག་གྲངས་༧༡༧དང《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ལྕགས་དཔར་མའི་ཤོག་གྲངས་༣༡ནས༣༣བར་གསལ་ལོ། །

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་པཱ་ལ་ཞེས་གྲགས་པའི་ས་གནས་སུ་ཡབ་འབུམ་ཐར་དང་ཡུམ་མེ་འགྱུ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ (༡༦༥༦) ལོར་འཁྲུངས། རབ་བྱུང་བཅུ་གཉིས་པའི་ལྕགས་རྟ (༡༦༩༠) ལོར་གཞིས་དགོན་དུ་བླ་བྲང་ཐོག་མར་བརྩིགས། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་བྱི (༡༩༠༨) ལོར་སྐུ་གཤེགས།

language:
Tibetan