- ku ru ku l+le lha bco lnga ma
- ID:
- T223081
- ཀུ་རུ་ཀུ་ལླེ་ལྷ་བཅོ་ལྔ་མ (Tibetan, Tibetan script, Original)
- > ku ru ku l+le lha bco lnga ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > kuru ku llé(?) lha cho nga ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི《དཀྱིལ་ཆོག་རྡོ་རྗེ་ཕྲེང་བ》ནས་གསུངས་པའི་དཀྱིལ་འཁོར་རིགས་མི་འདྲ་བ་བཞི་བཅུ་ཞེ་གཉིས་ཡོད་པའི་ནང་ཚན་བཅུ་གཉིས་པ། གཙོ་བོ་ལྷ་མོ་ཀུ་རུ་ཀུ་ལླེ་ལ་འཁོར་ལྷ་མོ་བཅུ་བཞི་སྟེ། རིམ་པ་དང་པོའི་ཕྱོགས་བཞི་དང་། རིམ་པ་གཉིས་པའི་ཕྱོགས་མཚམས་བརྒྱད། སྟེང་འོག་གཉིས་བཅས་ལ་ལྷ་མོ་རེ་ཡོད་པ། བདག་མེད་ལྷ་མོ་བཅོ་ལྔའི་འཁོར་དང་འདྲ་བས་བསྐོར་བ་ཞིག་ཡིན། ཞིབ་པར《དབང་རྡོ་རྗེ་དབང་ཆོག》ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་གསུང་འབུམ་པོད[ག]པའི་ནང་དུ་ཡོད་པ་དེར་གསལ།
- language:
- Tibetan
2. Thupten Phuntsok Dictionary
སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ནས་གསུངས་པའི་དཀྱིལ་འཁོར་རིགས་མི་འདྲ་བ་བཞི་བཅུ་ཞེ་གཉིས་ཡོད་པའི་ནང་ཚན་བཅུ་གཉིས་པ། གཙོ་བོ་ལྷ་མོ་ཀུ་རུ་ཀུ་ལླེ་ལ་འཁོར་ལྷ་མོ་བཅུ་བཞི་སྟེ། རིམ་པ་དང་པོའི་ཕྱོགས་བཞི་དང་། རིམ་པ་གཉིས་པའི་ཕྱོགས་མཚམས་བརྒྱད། སྟེང་འོག་གཉིས་བཅས་ལ་ལྷ་མོ་རེ་ཡོད་པ་། བདག་མེད་ལྷ་མོ་བཅོ་ལྔའི་འཁོར་དང་འདྲ་བས་བསྐོར་བ་ཞིག
- language:
- Tibetan