Skip to main content Skip to search
ku sA li chung ba
ID:
T223095
  • ཀུ་སཱ་ལི་ཆུང་བ (Tibetan, Tibetan script, Original)
    • > ku sA li chung ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kusali chungwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་དངོས་རིན་ཆེན་སྡེ་དང་། ཐུགས་དམ་གྱི་ཉམས་རྟོགས་ལ་བརྟེན་ནས་མཚན་གསོལ་བ་ནི་བྱམས་པའི་རྣལ་འབྱོར་པ་ཞེས་གྲགས། སྐུ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་བཙུན་པའི་མཆོག་ཏུ་གྱུར་ཅིང་། རིམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གཞུང་ལུགས་མཐའ་དག་ལ་སྦྱངས་ནས་མཁས་པ་འགྲན་ཟླ་མེད་པར་གྱུར། རྒྱུན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་ཉམས་བཞེས་གཙོ་བོར་མཛད་དེ། བདག་གཞན་མཉམ་བརྗེའི་རྟོགས་པ་བརྟན་པོ་མངའ་བས་དངོས་སུ་གཏོང་ལེན་མཛད་ཐུབ་པ་དང་། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་མན་ངག་ལ་མངའ་བརྙེས་པ་ཞིག་ཡིན་པས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དམ་པ་འདིའི་དྲུང་ནས་བྱང་ཆུབ་སེམས་སྦྱོང་གི་མན་ངག་ཆ་ཚང་བར་གསན་པ་ཡིན། ལོ་རྒྱུས་ཞིབ་པ་ཚེ་ཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི《ལམ་རིམ་བླ་བརྒྱུད་ཀྱི་རྣམ་ཐར》པོད་དང་པོའི་ནང་དུ་གསལ་བས་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

མཚན་དངོས་རིན་ཆེན་སྡེ་དང་། ཐུགས་དམ་གྱི་ཉམས་རྟོགས་ལ་བརྟེན་ནས་མཚན་གསོལ་བ་ནི་བྱམས་པའི་རྣལ་འབྱོར་པ་ཞེས་གྲགས། སྐུ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་བཙུན་པའི་མཆོག་ཏུ་གྱུར་ཅིང་། རིམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གཞུང་ལུགས་དག་ལ་སྦྱངས་ནས་མཁས་པ་འགྲན་ཟླ་མེད་པར་གྱུར། རྒྱུན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་ཉམས་བཞེས་གཙོ་བོར་མཛད་དེ། བདག་གཞན་མཉམ་བརྗེའི་རྟོགས་པ་བརྟན་པོ་མངའ་བས་དངོས་སུ་གཏོང་ལེན་མཛད་ཐུབ་པ་དང་། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་མན་ངག་ལ་མངའ་བརྙེས་པ་ཞིག་ཡིན་པས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དམ་པ་འདིའི་དྲུང་ནས་བྱང་ཆུབ་སེམས་སྦྱོང་གི་མན་ངག་ཆ་ཚང་བར་གསན་པ་ཡིན། ལོ་རྒྱུས་ཞིབ་པ་ཚེ་ཆོག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་བརྒྱུད་ཀྱི་རྣམ་ཐར་པོད་དང་པོའི་ནང་དུ་གསལ་བས་དེར་གཟིགས།

language:
Tibetan