Skip to main content Skip to search
ku sA li che ba
ID:
T223097
  • ཀུ་སཱ་ལི་ཆེ་བ (Tibetan, Tibetan script, Original)
    • > ku sA li che ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kusali chewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་དངོས་ལ་རིན་ཆེན་བཟང་པོ་ཞེས་སུ་གྲགས་པ་སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་ཡིན། སློབ་དཔོན་དེའི་དྲུང་ནས་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་མན་ངག་ཆ་ཚང་བ་གསན་ཞིང་བླ་མ་རིག་པའི་ཁུ་བྱུག་གི་དྲུང་ནས་གསང་འདུས་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་དྲུང་ནས་གསང་འདུས་འཇམ་དཔལ་རྡོ་རྗེ། སློབ་དཔོན་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་གཉིས་ཀྱི་དྲུང་ནས་རྣལ་འབྱོར་རྒྱུད་ཀྱི་སྐོར། སློབ་དཔོན་བློ་གྲོས་བརྟན་པའི་དྲུང་ནས་དབུ་མའི་ལྟ་བ་དང་། བྱང་ཆུབ་སེམས་སྦྱོང་གི་མན་ངག་མང་པོ་གསན་པ་བཅས་མདོ་སྔགས་ཡོངས་རྫོགས་ཀྱི་གདམས་པའི་མཛོད་འཛིན་པའི་པཎྚིཏ་ཆེན་པོ་ཞིག་ཡིན། རྣམ་ཐར་ལོ་རྒྱུས་མདོར་བསྡུས་ཤིག་ཚེ་ཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི《ལམ་རིམ་བླ་བརྒྱུད་རྣམ་ཐར》པོད་དང་པོའི་ནང་དུ་གསལ།

language:
Tibetan

2. Thupten Phuntsok Dictionary

མཚན་དངོས་ལ་རིན་ཆེན་བཟང་པོ་ཞེས་སུ་གྲགས་པ་སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་ཡིན། སློབ་དཔོན་དེའི་དྲུང་ནས་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་མན་ངག་ཆ་ཚང་བ་གསན་ཞིང་བླ་མ་རིག་པའི་ཁུ་བྱུག་གི་དྲུང་ནས་གསང་འདུས་སོགས་གསན་ནོ། །

language:
Tibetan